༸གོང་ས་མཆོག་གི་ལ་དྭགས་མཛད་འཕྲིན་ལེགས་གྲུབ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནུབ་ར་ཁུལ་ཉིན་གྲངས་བརྒྱད་རིང་གི་ཆོས་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ ནུབ་ར་ཁུལ་ཉིན་གྲངས་བརྒྱད་རིང་གི་ཆོས་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ་ཏེ་ ་རང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག།

ཐིག་སེ་རིན་པོ་ཆེ་དང་ཆོས་མགོན་རིན་པོ་ཆེ་། ས་གནས་གྲོས་ཚོགས་འཐུས་མི་ཚེ་བརྟན་རྣམ་རྒྱལ་ལགས་དང༌། ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་ཐེ་པའི་ལ་དྭགས་ས་གནས་འཛིན་སྐྱོང་དཔོན་རིགས་དང་དགོན་པའི་ལས་སྣེ་རྣམ་པས་ལ་དྭགས་གནམ་ཐང་དུ་་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕེབས་སྐྱེལ་ཞུ་བར་བཅར་ཡོད་ཅིང༌། ༧གོང་ས་མཆོག་གིས་ད་རེས་ཀྱི་མཛད་འཆར་དེ་གང་ལེགས་བྱུང་ཡོད་པ་དང༌། མ་འོངས་པར་བསྐྱར་དུ་ཕེབས་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་འདུག།

ཁ་ས་མཛད་འཆར་གྱི་ཉིན་མཐའ་མ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་ར་བདེ་སྐྱིད་དགོན་དུ་དད་ལྡན་ཆོས་ཞུ་བ་༡༥༠༠༠ཙམ་ལ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་གནང་མཛད་ཡོད་པ་དང༌། ཡང་ཁུལ་དེར་ཡོད་པའི་ཕྱི་རྒྱལ་མི་རིགས་༥༠༠ཙམ་ལ་མཇལ་ཁ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org