སོ་ལོ་ལྦ་ཀི་ཡའི་གཟེངས་རྟཌ།
༸གོང་ས་མཆོག་ལ་སོ་ལོ་ལྦ་ཀི་ཡའི་རྒྱལ་སྤྱིའི་གཟེངས་རྟགས་ངའེན་ལན་གོསེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གཟེངས་རྟགས་ཕུལ་བ།
-
2009-09-09 -
-
-
Your browser doesn’t support HTML5 audio
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོ་ལོ་ལྦ་ཀི་ཡའི་རྒྱལ་སྤྱིའི་གཟེངས་རྟགས་ཕུལ་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ནས་ཉིན་ལྔའི་རིང་སོ་ལོ་ལྦང་ཀི་ཡ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཉིས་སུ་ཆིབས་བསྒྱུར་བསྐྱང་བཞིན་པ་ལྟར་འདི་ཚེས་དགུ་ཉིན་སོ་ལོ་ལྦ་ཀི་ཡའི་རྒྱལ་ས་སྦ་ར་ཏིསེ་ལོ་ལྦར་ཞབས་སོར་འཁོད་སྐབས་ཡུལ་དེའི་རྒྱལ་སྤྱིའི་གཟེངས་རྟགས་ངའེན་ལན་གོསེ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གཟེངས་རྟགས་ཕུལ་ཡོད་རེད། གཟེངས་རྟགས་དེ་ནི་དེ་སྔ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དམར་པོའི་རིང་ལུགས་ཀྱི་དྲག་གནོན་ལ་གདོང་ལེན་མཐར་ཕྱིན་པ་གནང་མཁན་ངའེན་ལན་གོསེ་དམ་པ་དེ་ཉིད་ཀྱི་དྲན་རྟེན་ཆེད་དུ་བཙུགས་པའི་ཐེབས་རྩས་གནང་བཞིན་པའི་གཟེངས་རྟགས་ཤིག་ཡིན་པ་དང་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་རྒྱ་ནག་གིས་བོད་ནང་དྲག་པོའི་བཙན་གནོན་ལ་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འཐབ་རྩོད་མུ་མཐུད་ནས་གནང་བཞིན་པ་དང་ཕྱོགས་མཚུངས་འཛམ་གླིང་ནང་བྱམས་དང་སྙིང་རྗེ་ བསོད་ནམས་ཀྱི་སྲོལ་བཟང་ཁྱབ་པ་གནང་བཞིན་པ་རྗེ་སུ་ཡི་རངས་མཚོན་ཕྱིར་གོང་ཞུས་གཟེངས་རྟགས་ཕུལ་གྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱལ་ས་སྦ་ར་ཏེསེ་ལོ་ལྦར་བྱམས་དང་སྙིང་རྗེའི་སྐོར་མང་ཚོགས་ལ་གསུང་བཤད་དང་བོད་ཀྱི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་གནང་ཡོད་འདུག དེ་ནས་༸གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རཁ་ལ་ཐོན་གནང་གིས་ཡུལ་དེའི་ཕྱི་ལོ་ཉིས་སྟོང་ལོའི་གླེང་སྟེགས་ཞེས་པ་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཞི་བདེ་དང་དམངས་གཙོ་ འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག ཉིན་གཅིག་གི་ཚོགས་ཆེན་དེར་ནོ་བེལ་གཟེངས་རྟགས་བཞེས་མཁན་དང་རྒྱལ་སྤྱི་ཆབ་སྲིད་པ་དང་ཁྲིམས་བཟོ་བ་དང་མཁས་དབང་མང་པོ་མཉམ་ཞུགས་གནང་གི་ཡོད་པ་དང་ཚོགས་འདུའི་གཙོ་སྐྱོང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ལས་དོན་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་པའོ་ལ་ཌོ་སྦིན་སི་ཀི་ཡིས་གནང་གི་ཡོད་འདུག།