༸གོང་ས་མཆོག་བོད་ཁྱིམ་མཛད་སྒོར་ཆིབས་བསྒྱུར་གནང་འཆར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཁྱིམ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་སྐབས་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

2008.10.22

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཁྱིམ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་སྐབས་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་སྐུ་ཁམས་ཅུང་བདེ་མིན་གྱི་རྐྱེན་པས་རྒྱལ་ས་ལྡི་ལིའི་ནང་སྐུའི་མཁྲི་རྡོ་བཏོན་གནང་མཛད་དེ་ཉིན་ཤས་ལྡི་ལིར་སྐུ་ངལ་གསོས་གནང་བའི་རྗེས་ད་ཆ་སྐུ་ཁམས་དྭངས་སྐྱེད་ཀྱིས་བཞུགས་སྒར་དུ་ཕྱིར་ཕེབས་གནང་ཡོད་རེད་ལ་འདི་ཚེས་ཉི་ཤུ་ལྔ་ཉིན་བོད་ཁྱིམ་དུས་ཆེན་ཉིན་གྱི་མཛད་སྒོའི་དབུ་འབྱེད་ཀྱང་གནང་གི་ཡོད་འདུག

དེ་ཡང་རྡ་སྟེང་བོད་ཁྱིམ་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་ནས་ཕ་ཡུལ་དྲ་གནས་སུ་འགྲེལ་བརྗོད་གནང་བར་ལྟར་ན་རྩ་བའི་དུས་ཆེན་གྱི་ཉིན་མོ་དངོས་གཞི་ཚེས་ཉི་ཤུ་གསུམ་ཡིན་ནའང་༸གོང་ས་མཆོག་གི་མཛད་འཆར་དང་སྟབས་བསྟུན་ནས་ཉིན་གཉིས་ཕྱིར་བཤོལ་བྱས་ཡོད་པ་རེད་ དེ་འདྲ་ཡིན་དུས་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོའི་མཛད་སྒོའི་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་དང་འབྲེལ་མཛད་སྒོའི་དབུ་འབྱེད་གནང་གི་རེད་ཅེས་གསུངས་འདུག

རྡ་ས་བོད་ཁྱིམ་འདི་བཞིན་ཐོག་མར་ཕྱི་ལོ་༡༩༦༠ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་གསུམ་ཉིན་གསར་བཙུགས་གནང་བ་དང་དེ་ནས་རིམ་པས་ལ་དྭགས་བོད་ཁྱིམ་དང་རིམ་བཞིན་ལྷོ་ཕྱོགས་སྦེ་ལ་ཀོ་པིའི་ཁུལ་དང་རིམ་བཞིན་བོད་ཁྱིམ་ཡན་ལག་མང་པོ་ཞིག་བཙུགས་གནང་ནས་ད་བར་བོད་ཁྱིམ་སློབ་གྲྭ་ཁག་ནས་སློབ་ཕྲུག་ཕལ་ཆེར་ལྔ་ཁྲི་ཙམ་ཐོན་ཡོད་པ་རེད།

བོད་ཁྱིམ་དབུ་བརྙེས་པའི་མཛད་སྒོ་འདི་ནི་བཞུགས་སྒར་ཁུལ་བཅའ་བཞུགས་བོད་མི་ཙམ་མ་ཡིན་པར་ཕྱི་ཕྱོགས་ནས་དུས་སྟོན་དང་འབྲེལ་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་མང་པོ་ཡོད་པ་སོགས་བོད་མིའི་སྤྱི་ཚོགས་ནང་གི་དུས་དྲན་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད། མཛད་སྒོའི་དུས་སྟོན་ཉིན་གསུམ་རིང་སློབ་ཕྲུག་དབར་རྩེད་འགྲན་དང་བགྲོ་གླེང།གཞས་སྣ་སོགས་མགྲན་བསྡུར་གྱི་ལས་རིམ་མང་དག་ཅིག་ཡོད་པ་རེད་ལ་སྐབས་དེར་བོད་གཞུང་མང་གཉིས་ཀྱི་མཛད་གཙོ་རྣམ་པ་དང་ས་གནས་དཔོན་རིགས།ཕྱི་རྒྱལ་གྱི་འབྲེལ་ཡོད་སྐུ་མགྲོན་སོགས་མང་པོ་ཞིག་ཀྱང་ཕེབས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎