ཆབ་སྲིད་སྐུ་དབང་མི་མང་གིས་གདམས་པའི་དབུ་ཁྲིད་ལ་གནང་རྒྱུ།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་སོ་སོར་གནང་རྒྱུ་ཐུགས་ཐག་བཅད་པའི་སྐོར།
-
2011-03-19 -
-
-
༄༅༎དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་ཆུ་འཕྲུལ་སྨོན་ལམ་ཆེན་པོ་ཚུགས་གནང་བཞིན་པ་དང་ བོད་ཚེས་བཅོ་ལྔའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་སེར་སྐྱ་མི་མང་ཚོར་སྟོན་པའི་འཁྲུངས་རབས་བཀའ་ཆོས་མ་གནང་གོང་ སླར་ཡང་གཞུང་ས་དགའ་ལྡན་ཕོ་བྲང་ལ་བོད་ཀྱི་ལོ་རྒྱུས་ཐོག་ནས་ཡོད་བཞིན་པའི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་སོ་སོར་གནང་རྒྱུ་དེ་ནི་ ༸རྒྱལ་བའི་སྐུ་ཕྲེང་མ་གཏོགས་གཞན་སུས་ཀྱང་ཐག་གཅོད་གནང་ཐུབ་ཀྱི་མེད་པ་ཞིག་ཡིན་པ་ད་རེས་ཐུགས་ཐག་གཙང་མ་བཅད་པའི་སྐོར་བཀའ་གནང་ཏེ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་རྒྱུའི་བཀའ་སྤྱི་འཐུས་སྐབས་བཅུ་བཞི་པའི་ཐོག་སྩལ་གནང་བ་བཞིན་ ད་རེས་སྐྱར་དུ་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཚོར་གནང་རྒྱུའི་ཐུགས་ཐག་བཅད་གནང་ཡས་དེ་ནི་དུས་ལ་བབ་པ་ཞིག་ཡིན་པ་དང་དེར་བརྟེན་ཐུགས་ཐག་དེར་འགྱུར་བ་གང་ཡང་མེད་པ་སླར་ཡང་བཀའ་སྩལ་གནང་མཛད་འདུག