༸གོང་ས་མཆོག་ནའེ་ཇེ་རི་ཡ་སོགས་རྒྱལ་ཁབ་ཏུ་ཆིབས་བསྒྱུར།
༸གོང་ས་མཆོག་ཨཕ་རི་ཀའི་རྒྱལ་ཁབ་ནའེ་ཇེ་རི་ཡ་དང་ཡུ་རོབ་ཡུལ་ཁག་འགའ་ཤས་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་ཡིན་འདུག
-
2008-11-12 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་གླིང་ཆེན་ཨཕ་རི་ཀའི་རྒྱལ་ཁབ་ནའེ་ཇེ་རི་ཡ་དང་ཡུ་རོབ་ཡུལ་ཁག་འགའ་ཤས་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་ཡིན་སྐོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་གསུངས་བཞག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནའེ་ཇེ་རི་ཡ་རྒྱལ་ཁབ་ནང་ཉིན་གྲངས་གཉིས་རིང་གི་ཆིབས་བསྒྱུར་མཛད་འཆར་ཆེད་བཞུགས་སྒར་ནས་ཟླ་བ་འདིའི་ཚེས་ཉི་ཤུ་ལྔ་ཉིན་ཆིབས་ཐོན་གནང་རྒྱུ་ཡིན་པ་དང་ཁུལ་དེར་ནང་ཆོས་ལ་དད་པ་ཞུ་མཁན་ཚོར་མཇལ་ཁ་བསྩལ་གནང་མཛད་རྒྱུ་ཡིན་པ་དང་དེ་རྗེས་༸གོང་ས་མཆོག་ཡུ་རོབ་ཀྱི་ཡུལ་གྲུ་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་སྦེལ་ཇིཡེམ།པོ་ལཱེན།བཅས་ནང་ཆིབས་བསྒྱུར་བསྐྱངས་ཀྱི་ཡོད་པ་རེད།
མགྲིན་ཚབ་པ་སྟག་ལྷ་བསྟན་འཛིན་ལགས་ཀྱིས་ཕེརན་སི་གསར་ལས་ཁང་ལ་བདུན་རྗེས་མ་བཞུགས་སྒར་རྡ་རམ་ས་ལར་འཚོགས་གནང་རྒྱུའི་དམིགས་བསལ་ལྷན་ཚོགས་ཐོག་༸གོང་ས་མཆོག་ཕེབས་ཞུགས་གནང་རྒྱུ་མིན་ནའང་སྐབས་དེ་དུས་བཞུགས་སྒར་དུ་ཞུགས་གདན་འཇགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག