༸གོང་ས་མཆོག་ཡོ་རོབ་ཏུ་ཆིབས་བསྒྱུར་བསྐྱང་གནང་རྒྱུ།

༸གོང་ས་མཆོག་རིང་མིན་ཕྱི་ཟླ་༤པའི་ཚེས་༡༣ནས་༡༨བར་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གསུམ་ཙམ་ནང་ཆིབས་བསྒྱུར་བསྐྱང་གནང་འཆར་འདུག

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༤པའི་ཚེས་༡༣ནས་༡༨བར་ཨ་ཡར་ལེནདྲ། སུད་ཌེན། ཌེན་མཀ་བཅས་ཡོ་རོབ་ཀྱི་ཡུལ་གྲུ་ཁག་གསུམ་ཙམ་ནང་ཆིབས་བསྒྱུར་བསྐྱང་གནང་འཆར་འདུག

དེ་ཡང་ཕྱི་ཚེས་༡༣ཉིན་༸གོང་ས་མཆོག་ཨ་ཡར་ལེནདྲ་རྒྱལ་ས་ཌབ་ལིན་དུ་འཛམ་གླིང་ཀུན་ཁྱབ་འགན་འཁུར་ཐད་འབོད་སྐུ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང༌། ཕྱི་ཚེས་༡༤ཉིན་སྔ་དྲོ་གྲོང་ཁྱེར་ལིམ་རིཀ་ཏུ་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ནང་ནང་སེམས་ཀྱི་ནུས་སྟོབས་སྐོར་བཀའ་སློབ་བསྩལ་གནང་མཛད་རྒྱུ། དེ་ནས་ཕྱི་ཚེས་༡༥ཉིན་སུད་ཌེན་གྱི་རྒྱལ་ས་སི་ཀྲོཀ་ཧོམ་དུ་འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མིའི་ཐབས་ལམ་སྐོར་བཀའ་སློབ་དང༌། ཚེས་༡༦ཉིན་སུད་ཌེན་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་འཁོད་རྗེས། ཕྱི་ཚེས་༡༨ཉིན་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་སྔ་ཐོག་གསུང་ཆོས་དང་ཉིན་རྒྱབ་མང་ཚོགས་ལ་མི་ཚེའི་དོན་སྙིང་སྐོར་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org