༸གོང་ས་མཆོག་ནས་འཕྲུལ་རིག་སློབ་གཉེར་ཁང་ཞིག་དབུ་འབྱེད།

༸གོང་ས་མཆོག་གིས་རྒྱ་གར་འཕྲུལ་རིག་ལག་ཤེས་སློབ་གཉེར་ཁང་ཞིག་དབུ་བྱེད་དང་འབྲེལ་རྒྱ་སྒོར་འབུམ་བརྒྱ་གསོལ་སྩལ་གནང་ཡོད་པ་རེད།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་སྒོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་ཉེ་འཁྲིས་སུ་འཕྲུལ་རིག་ལག་ཤེས་སློབ་གཉེར་ཁང་ཞིག་དབུ་བྱེད་དང་འབྲེལ་རྒྱ་གར་དངུལ་སྒོར་འབུམ་བརྒྱ་གསོལ་སྩལ་གནང་ཡོད་པ་རེད་

ད་ཐེངས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་མངའ་སྡེ་གཞུང་གིས་གསར་འཛུགས་གནང་བའི་ལག་ཤེས་སློབ་གཉེར་ཁང་དེར་གོང་ས་མཆོག་གིས་དངུལ་ཞལ་འདེབས་གནང་བ་དེས་རྒྱ་གར་གྱི་གྲོང་གསེབ་ཁག་ནང་འཛུགས་བསྐྲུན་ཐོག་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་འགྲོ་བའི་བོད་མིའི་ངོས་ཀྱིས་གཞོགས་འདེགས་ཤིག་ལ་ངོས་འཛིན་གནང་དགོས་སྐོར་བཀའ་གནང་ཡོད་པ་རེད་ ཡང་༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ཁབ་འདི་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་བསྐྱོད་རྒྱུར་ཡུལ་གྱི་གྲོང་གསེབ་ཁག་ནང་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་བཀའ་གནང་འདུག ༸གོང་ས་མཆོག་གིས་མུ་མཐུད་ནས་བོད་མི་རྣམས་ཐོག་མར་རྒྱ་གར་ནང་འབྱོར་སྐབས་ལག་པ་སྟོང་པར་སླེབས་ཡོད་ནའང་རྒྱ་གར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་རོགས་ཚོགས་ཁག་གིས་རྒྱབ་བསྐྱོར་རོགས་རམ་ལ་བརྟེན་ནས་ཡར་རྒྱས་ཀྱི་རྣམ་པ་གང་འཚམས་ཐོན་ཡོད་ཙང་དཆ་བོད་མིའི་ངོས་ནས་རྒྱ་གར་བའི་ཡུལ་མིར་རོགས་རམ་དང་ཞབས་འདེགས་ཞུ་རྒྱུ་དེ་ང་ཚོའི་ལས་འགན་རེད་ དཔེར་ན་ཨོ་རི་ས་བོད་མིའི་གཞིས་ཆགས་ནས་ཉེ་འཁྲིས་རྒྱ་གར་གྱི་སློབ་གྲ་ཁག་འཛུགས་བསྐྲུན་ཐོག་རོག་རམ་བྱས་པ་དེ་བོད་མིའི་ངོས་ནས་རྒྱ་གར་གྱི་གྲོང་གསེབ་ཁག་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་བསྐྱོད་རྒྱུའི་ཐོག་ཞབས་འདེགས་ཤིག་རེད་ཅེས་བཀའ་གནང་འདུག              ༸གོང་ས་མཆོག་གིས་བོད་མིའི་གཞིས་ཆགས་ཁག་གིས་ཞིང་རྨོས་འཕྲུལ་བཟོ་ཁང་དེ་དག་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་བསྐྱོད་ཡོད་ན་ཉེ་འཁོར་གྱི་རྒྱ་གར་གྱི་གྲོང་གསེབ་ཁག་ལ་ཕན་ཐོགས་ཡོང་བའི་ཐུགས་རེ་གནང་བ་དེ་ལྟར་བྱུང་མེད་སྐོར་ཡང་བཀའ་གནང་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org