༸གོང་ས་མཆོག་ནས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནསབོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་འཇིག་རྟེན་ལས་འདས་པའི་བསྟོད་པ་དང་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཉིན་གྲངས་གཉིས་རིང་བཀའ་ཆོས་སྩལ་གནང་མཛད་ཡོད་པ་རེད།

དེ་ཡང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ཐོུང་གིས་གོ་སྒྲིག་འོག་འདས་པའི་ལོ་ལྔའི་རིང་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་གཙོ་བོར་འགྱུར་པའི་བོད་རིགས་གཞོན་སྐྱེས་ཚོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནསནང་ཆོས་ངོ་སྤྲོད་ཀྱི་བཀའ་ཆོས་ལོ་ལྟར་སྩལ་གནང་མཛད་པ་ལྟར། འདི་ལོ་ཡང་ཕྱི་ཟླ་དྲུག་པའི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུབོད་རིགས་སློབ་ཕྲུག་གསུམ་སྟོང་ལྔ་བརྒྱ་བརྒལ་བར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སྩལ་གནང་མཛད་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སློབ་ཕྲུག་ཁག་གཅིག་ནས་རིགས་ལམ་གྱི་རྟགས་གསལ་གཟིགས་འབུལ་ཞུས་ཞིང༌།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་པའི་དགོས་དོན་དེ་གང་སློབ་སྦྱོང་བྱེད་པ་དེ་ཤེས་རྟོགས་ཡོང་རྒྱུ་ཁོ་ན་མ་ཡིན་པར་དེར་དཔྱད་པ་བྱེད་སྟངས་སློབ་ཀྱི་ཡོདདཔྱད་པ་ཇི་ཙམ་གྱི་གཏིང་གཟབ་པ་བྱེད་ཐུབ་པ་དེ་ཙམ་གྱི་དཔྱོད་ཡུལ་གྱི་དོན་དེ་གཏིང་གཟབ་པ་རྟོགས་ནུས་པ་ཡོང་གི་ཡོད་པ་བཀའ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org