༸གོང་ས་མཆོག་གི་གསུང་འཕྲིན་ལ་བཀའ་ཤག་གིས་རྒྱབ་གཉེར།
༧གོང་ས་མཆོག་གི་གསུང་འཕྲིན་ནང་བཀའ་ཡི་ཕེབས་སྒོ་གང་ཡོད་པ་དེ་ཚོ་ཇི་མ་ཇི་བཞིན་འགྲུབ་པ་གནང་དགོས་རྒྱུར་བཀའ་ཤག་གིས་རྒྱབ་གཉེར།
-
2011-03-16 -
-
-
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་བཀའ་ཡི་ཕེབས་སྒོ་གང་ཡོད་པ་དེ་ཚོ་ཇི་མ་ཇི་བཞིན་ད་ལྟ་ཚུགས་བཞིན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འདིའི་ཐོག་ནས་འགྲུབ་པ་གནང་དགོས་རྒྱུར་བཀའ་ཤག་གིས་རྒྱབ་གཉེར་ཞུས་གནང་འདུག།
སྤྱི་འཐུས་གྲོས་ཚོགས་སར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གང་ཟག་མི་ཉུང་བ་ཞིག་གིས་བསམ་བློ་གཏོང་སྟངས་དང་བཀའ་མོལ་གནང་ཕྱོགས་དེ་ཚོར་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ནས་གདོང་ལེན་གནང་ཕྱོགས་གང་སར་གཟིགས་པ་ཡིན་ན། ད་ཆ་བཀའ་ཤག་གི་ངོས་ནས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མུ་མཐུད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་ཡག་གི་གཞི་རྩ་དང་སྤོབས་པ་གཉིས་ཀ་མེད་པ་ཆགས་ཡོད་པའི་སྐོར་གསུང་འདུག།