སུད་སི་སྐུ་ཚབ་དོན་གཅོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་གཉིས་མཇལ་མོལ་གནང་འདུག

2022.08.10
སུད་སི་སྐུ་ཚབ་དོན་གཅོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་གཉིས་མཇལ་མོལ་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་(Martin Dvorak)་རྣམ་གཉིས། ༠༨།༠༩།༢༠༢༢
@dvomar11

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཟླ་བ་འདིའི་ཚེས་༧ནས་༡༠བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཚེས་༩ཉིན་ཅེཀ་(Czech)་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་(Martin Dvorak)་མཆོག་དང་མཇལ་འཕྲད་གནང་སྟེ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་མཉམ་བོད་དོན་གླེང་མོལ་གནང་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་གཞོན་པ་(Martin Dvorak)་ལགས་ཀྱིས་སྐུ་སྒེར་གྱི་(Twitter)་དྲ་ཚིགས་ཐོག དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་མཇལ་འཕྲད་ཀྱིས་བོད་ཀྱི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་བཀའ་མོལ་བྱུང་ཡོད་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རྒྱུ་ནི། ང་ཚོས་གལ་གནད་ཆེ་ཤོས་སུ་ངོས་འཛིན་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
སྐུ་ཞབས་(Martin Dvorak)་མཆོག་གིས། དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་མཇལ་མོལ་གནང་པའི་སྐོར་(Twitter)་དྲ་ཚིགས་ཐོག་གནས་ཚུལ་བཀོད་པ་དེར། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མི་འདོད་པའི་རྣམ་འགྱུར་དང་མཉམ་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ནི་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་ཆབ་སྲིད་ཚོགས་པ་ཞིག་ཡིན་པ་དང་། སྒྲིག་འཛུགས་དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་རྒྱབ་འགལ་ཆགས་ཡོད་པར་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཚོའི་ངོས་ནས་དེར་ངོས་ལེན་བྱེད་ཀྱི་མེད་ཅེས་སྐྱོན་བརྗོད་བྱས་ནས། ཅེག་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་བའི་ལང་ཕྱོགས་བརྟན་པོར་གནས་དགོས་པ་དང་། ཡང་སྒོས་སུ་རྒྱ་ནག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་ལས་ཕྱི་སྲིད་བློན་ཆེན་གཞོན་པས་སུད་སི་དོན་གཅོད་དང་མཇལ་འཕྲད་གནང་བ་དེར་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་བཤད་འདུག
དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ། ཁུལ་དེའི་བོད་དོན་རྒྱབ་སྐྱོར་བ་ལྷན་དུ་ཚོགས་འདུ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་(Frantisek Kopiriva)་ལགས་དང་། ཚོགས་པའི་ཚོགས་མི་ཟུར་པ་(Dama Balcarova)་ལགས་རྣམ་གཉིས་བཅས་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་ཡོད་པ་བཅས་གནས་ཚུལ་ནང་གསལ་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎