ཧོང་ཀོང་ནང་ངོ་རྒོལ་བ་ཚོར་དམ་བསྒྲགས་བྱས་པར་སྐྱོན་བརྗོད།

ཧོང་ཀོང་ནང་ངོ་རྒོལ་བྱེད་མཁན་ཚོར་དམ་བསྒྲགས་བྱས་པ་དེར་ཧོང་ཀོང་གཞུང་དང་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གཉིས་ལ་སྐྱོན་བརྗོད་གནང་འདུག

༄༅༎ཧོང་ཀོང་ནས་ཨོ་ལིམ་པིག་རྩེད་འགྲན་གྱི་རྟ་རྒྱུག་འགྲན་བསྡུར་སྐབས་ངོ་རྒོལ་བྱེད་མཁན་ཚོར་དམ་བསྒྲགས་བྱས་པ་དེར་ བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པས་ ཧོང་ཀོང་གཞུང་དང་ རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གཉིས་ལ་སྐྱོན་བརྗོད་གནང་འདུག

རེས་གཟའ་སྤེན་པའི་ཉིན་ ཧོང་ཀོང་ནས་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་ཚོགས་མི་གཉིས་ཀྱིས་ཨོ་ལིམ་པིག་རྟ་རྒྱུག་རྩེད་འགྲན་སྐབས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱས་སྐབས་ཉེན་སྲུང་བས་ཁོང་གཉིས་འཛིན་བཟུང་བྱས་ནས་ཕྱིར་འབུད་བྱས་པ་རེད་ རྒྱ་ནག་གི་གནོན་ཤུགས་འོག་ ཧོང་ཀོང་དང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ཐོུང་གིས་མི་མང་གི་རང་དབང་དང་ཐོབ་ཐང་རྡོག་རོལ་ཏང་བ་ནི་བློ་ཕམ་གྱི་རང་བཞིན་ཡིན་པ་དང་ ཧོང་ཀོང་ཕྱི་ལོ་༡༩༧༧ལོར་རྒྱ་ནག་དང་བཟླ་སྒྲིལ་བཏང་བའི་རྗེས་སུ་རྒྱ་ནག་དང་མི་འདྲ་བའི་རང་དབང་ཆེ་བ་ཡོད་ཀྱང་ད་ཆ་ཧོང་ཀོང་ས་གནས་གཞུང་གིས་མི་མང་གི་གཞི་རིམ་གྱི་ཐོབ་ཐང་བརྩི་མེད་བཏང་ཡོད་ལུགས་རྩེད་ཐང་ནས་ཕྱིར་འབུད་བྱས་པའི་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་ཚོགས་མི་ སྦི་རི་ཡ་ན་ཁོ་ཊར་ དང་ཚོགས་པའི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་སྐྱོན་བརྗོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org