བྷེར་ཛེལ་ལ་བོད་ཁང་གསར་དུ་དབུ་འབྱེད་གནང་བ།
ལ་ཊིན་ཨ་མི་རི་ཀའི་བྷེར་ཛེར་(Brazil)ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་(Sao Paulo City)བོད་ཁང་གསར་དུ་དབུ་འབྱེད་གནང་བ།
-
2015-11-10 -
-
-
ལ་ཊིན་ཨ་མི་རི་ཀའི་བྷེར་ཛེར་(Brazil)ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་(Sao Paulo City)བོད་ཁང་གསར་དུ་དབུ་འབྱེད་གནང་བ།
ཨ་རིའི་སེམས་ཁམས་རིག་པ་བ་དང་རྩོམ་པ་པོ་གྲགས་ཅན་དང་། ཚན་རིག་གི་གསར་འགོད་པ། དེ་བཞིན་༧གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བའི་གྲོགས་པོ་སྐུ་ཞབས་ཌེ་ནི་ཡེལ་གོལ་མེན་Dr. Daniel Golemanམཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་༡༡ཚེས་༨ཉིན་ལྷོ་ཨ་མི་རི་ཀའམ་ལེ་ཊིན་ཨ་མེ་རི་ཀ་ཞེས་པའི་བྷེར་ཛེར་Brazil ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་Sao Paulo Cityབོད་ཁང་གསར་དུ་དབུ་འབྱེད་གནང་འདུག སྐབས་དེར་མཁས་དབང་Dr. Daniel Golemanལགས་ཕེབས་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཅིག་གནང་ཡོད་པ་རེད།
གྲགས་ཅན་མཁས་དབང་Dr. Daniel Goleman.ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་ཉེ་པོ་ཞིག་ཡིན་པ་དང་། ད་རེས་ཁོང་གིས་དམིགས་བསལ་༧གོང་ས་མཆོག་དགུང་གྲངས་༨༠་བཞེས་པའི་སྐུའི་གྱ་སྟོན་གྱི་དུས་སྐབས་དེ་དང་སྟབས་བསྟུན་༧གོང་ས་མཆོག་གིས་འཛམ་གླིང་ནང་བྱམས་སྙིང་རྗེ་ཡི་ལས་བཟང་པོ་སྒྲུབ་རྒྱུའི་སྐུལ་སྤེལ་གནང་བའི་སྟོབས་ཤུགས་ཀྱི་འོག་ད་རེས་གྲགས་ཅན་མཁས་དབང་Dr. Daniel Golemanགིས་ཀྱང་རིག་པ་རྣོ་པོའི་འདུ་ཤེས་ཅེས་པའི་བཟང་པོའི་སེམས་ཀྱི་འདུ་ཤེས་སྐུལ་སྤེལ་བྱེད་སྟངས་ཀྱི་སྐོར་ཕྱག་དེབ་ཅིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད།
གྲགས་ཅན་མཁས་དབང་Dr. Daniel Golemanནི་འཛམ་གླིང་ནང་ཡོངས་གྲགས་ཅན་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས་ཁོང་གི་ཕྱག་དེབ་དེ་ཚོ་འཛམ་གླིང་གི་སྐད་ཡིག་འདྲ་མིན་༡༧་ཙམ་གྱི་ནང་དཔར་འགྲེམས་གནང་ཡོད་པས་མི་རྣམས་ཀྱི་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་པ་རེད།
དེ་བཞིན་བྷེར་ཛེལ་བོད་ཁང་དུ་༧གོང་ས་མཆོག་གི་སྐུ་ཚབ་ཚེ་དབང་ཕུན་ཚོགས་ལགས་ཀྱིས། དེ་ཉིན་མི་མང་འདུ་འཛོམས་ཀྱི་སར་གྲགས་ཅན་མཁས་དབང་Dr. Daniel Goleman.ངོ་སྤྲོད་གནང་བ་དང་། བྷེར་ཛེལ་བོད་ཀྱི་ཁང་པ་ཐོག་མ་ཆེད་འཛུགས་གནང་མཁན་Prof Lia Diskinགིས་ཀྱང་འཆར་འགོད་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པའི་སྐོར་སོགས་ཀྱང་ངོ་སྤྲོད་གནང་ཡོད་འདུག
གསར་འགོད་པ་ཕྲེང་རིང་བསྟན་ནོར།