བཞུགས་སྒར་དུ་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི།

བཞུགས་སྒར་དྷ་རམ་ས་ལར་ལས་འགུལ་འདྲ་མིན་བརྒྱུད་༧རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་ནས་མི་ལོ་ཧྲིལ་པོ་༡༠༠འཁོར་བའི་དུས་དྲན་སུང་བརྩི་ཞུས་འདུག

ལས་འགུལ་འདྲ་མིན་བརྒྱུད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་༡༠༠འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་སྒྲགས།

༄༅།    །དྷ་སར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་༡༣ཉིན་ཆུ་གླང་རྩ་ཚིག་འཁོད་པའི་ཐང་ཀ་ཞིག་བོད་མི་གཉིས་ཀྱིས་ལག་ཏུ་བཟུང་ནས། དེ་རྗེས་བོད་ཀྱི་རྒྱལ་དར་འགྲེངས་བཞིན་བོད་མི་གཉིས་ཀྱི་རྟ་བཞོན་ནས་དྷ་སའི་ཁྲོམ་གཞུང་དུ་བསྐོར་ར་སྐྱོན་པ་དང་འབྲེལ། རྡ་ས་ཉི་མོའི་སློབ་གྲྭའི་ནང་དུ་བོད་མི་དང་ཕྱི་རྒྱལ་བ་བརྒྱ་ཕྲག་འགའ་ཤས་འཛོམས་པའི་སར། བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་།    བོད་ཀྱི་དཔེ་མཛོད་ཁང་གི་ན་ག་སངས་རྒྱས་བསྟན་དར་ལགས། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་བཅས་ཀྱིས་ཆུ་གླང་རྩ་ཚིག་གི་སྐོར་གཏམ་བཤད་རིམ་བཞིན་གནང་འདུག
༧གོང་ས་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་བཞིན་དེ་རིང་འཛམ་གླིང་ནང་
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོད་སའི་ས་གནས་ཚང་མའི་ནང་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁུལ་དེར་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ནས་གོང་ཞུས་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་བཞིན། ཨ་མི་རི་ཀའི་ནང་རྒྱལ་ས་Washington DC དང༌། གྲོང་ཁྱེར་N.York, San Franciscoབཅས་ཀྱི་ནང་ཆུ་གླང་རྩ་ཚིག་འཁོད་པའི་ཐང་ཀ་འགྲེམས་འཇོག་དང་འབྲེལ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org