སྲིད་བྱུས་གུ་ཡངས་སུ་བཏང་།

རྒྱ་ནག་གཞུང་གིས་དེ་སྔ་ཡིན་ན། ཕྱི་མི་བོད་ནང་འགྲོ་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ད་ཆ་འགྱུར་བ་ཕྱིན་འདུག

མཛེས་སྡུག་ལྡན་པའི་བོད་ལྗོངས། བྱང་ཀེལ་བོད་རིགས་ཚོགས་པ།

༄༅།    །རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཐོན་པའི་རྗེས་ཕྱི་རྒྱལ་བ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་ འགྲོ་འོང་བྱེད་མ་བཅུག་པར་བཀག་སྡོམ་བྱས་ཡོད་པ་རེད།    འོན་ཀྱང་གནས་ཚུལ་ཐོན་ཁུངས་ལ་གཞིགས་པ་ཡིན་ན། ད་ཆ་སྲིད་བྱུས་འདི་ཅུང་ཟད་ལྷུག་ཏུ་གཏོང་འགོ་འཛུགས་བཞིན་ཡོད་པ་རེད་འདུག
དེ་ཡང་ཨིན་ཡུལ་གྱི་ཀྲེ་ལི་གྷརཔ་ཞེས་པའི་ གསར་ཤོག་གིས་ཁ་སང་གནས་ཚུལ་སྤེལ་འདོན་ལྟར་ན། ད་ཆ་ཡུལ་སྐོར་སྤྲོ་འཆམ་པ་རུབ་རུབ་བཟོས་ཏེ་སྣེ་ཤན་པའི་སྣེ་ཁྲིད་འོག་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་ཆོག་པའི་བཀའ་ཁྲོལ་སྤྲོད་འགོ་བཙུགས་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག    CTS Horizon ཞེས་པའི་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་འགྲིམ་འགྲུལ་ལས་ཁང་གི་རྒྱ་ནག་ནང་འགྲུལ་པའི་ལས་འཁུར་ཞུ་མཁན་ལས་བྱེད་ཡིན་པ་ Heather Chan ཟེར་བས་ གོང་ཞུས་གསར་ཤོག་དེར་ད་ཆ་འགྲིམ་འགྲུལ་ཅུང་ཟད་གུ་ཡངས་བཏང་བ་འདི་ཡག་པོ་ཡིན་པ་དང་། བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལྟ་འདོད་བྱེད་མཁན་མི་མང་ཧ་ཅང་མང་པོ་རེད་ཅེས་ངོ་སྤྲོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org