རྒྱ་ནག་གི་སྲིད་འཛིན་ལ་བོད་མིས་ངོ་རྒོལ་དང་འཇུ་བཟུང་གནང་བ།

དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་ཕེབས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་མཁན་གསུམ་པོ་གློད་གྲོལ་བཏང་འདུག

དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་ཕེབས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡༠།༢༡ TCUK

དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་ཕེབས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་མཁན་གསུམ་པོ་གློད་གྲོལ་བཏང་འདུག
དེ་ཡང་རྒྱ་ནག་སྲིད་འཛིན་ཞེ་ཅིན་ཕེན་གྱིས་དབྱིན་ཡུལ་ནང་བདུན་གཅིག་རིང་གི་རྒྱལ་དོན་འཚམས་གཟིགས་དེ་རེས་གཟའ་པ་སངས་ཉིན་མཇུག་སྒྲིལ་བྱས་ཡོད་པ་དང། ཕྱི་ཚེས་༢༡ཉིན་ཞེ་ཅིན་ཕེན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་ཉེ་འདབས་ཁང་ཆེན་ཞིག་ནང། ཚོང་དོན་དཔོན་རིགས་ཚོར་གཏམ་བཤད་ཚོགས་འདུར་སྣུམ་འཁོར་རུ་སྒྲིག་ནས་ཡོང་སྐབས
སྣུམ་འཁོར་མདུན་བོད་པའི་བུད་མེད་གཉིས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། རིང་བོ་མ་སོང་བར་དབྱིན་ཇིའི་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་པ་རེད། དེའི་རྗེས་ཡང་ངོ་རྒོལ་བྱེད་མཁན་བུ་གཅིག་འཛིན་བཟུང་བྱས་པ་བཅས་མི་གསུམ་རྗེས་སུ་དབྱིན་ཡུལ་ཉེན་རྟོག་པས་གློད་གྲོལ་བཏང་ཡོད་པའི་སྐོར་དབྱིན་ཡུལ་བོད་རིག་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དབྱིན་ཇིའི་གཞུང་གི་ངོས་ནས་ད་རེས་རྒྱ་ནག་གི་སྲིད་འཛིན་དབྱིན་ཡུལ་དུ་ལྟ་སྐོར་བྱས་པའི་རིང་ངོ་དགའ་སྤྲེལ་ལད་གནང་གང་ཐུབ་གནང་བ་ལས། སྲིད་འཛིན་ཞེ་ཅིན་ཕེན་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང། བོད་དང་ཡུ་གུར་སོགས་ཀྱི་གནད་དོན་སྐོར་གླེང་སློང་ཙམ་ཡང་གནང་མེད་པར་ཕྱོགས་ཡོངས་ནས་སྐྱོན་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org