བོད་ཀྱི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བ།

བོད་ནང་གི་འཁྱག་རོམ་བཞུར་ཚད་ཆེ་རུ་འགྲོ་བཞིན་དེས་གཙང་ཆུ་རྒྱས་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎རྒྱ་ནག་གཞུང་གི་གནམ་གཤིས་རིག་པ་ཀྲེང་ཀུའོ་ཀོང་གིས་འཛམ་གླིང་ཚ་དྲོད་ཀྱི་རྐྱེན་པས་བོད་ནང་གི་འཁྱག་རོམ་བཞུར་ཚད་ཆེ་རུ་འགྲོ་བཞིན་དེས་གཙང་ཆུ་རྒྱས་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་དེ་ཡང་ཁོ་པས་གལ་ཏེ་གནམ་གཤིས་ཚ་དྲོད་ཀྱི་དཀའ་ངལ་དེ་མུ་མཐུད་པ་ཡིན་ན་རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་ཁག་ནང་སྐབས་འཕྲལ་ཆུ་ལོག་གི་འཇིགས་པ་དང་ཕུགས་སུ་ཐན་པ་བསྟེན་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་གནམ་གཤིས་རིག་པ་ཀྲེང་གིས་སྤྱིར་བཏང་རྒྱ་ནག་རྒྱལ་ཡོངས་ཀྱི་གནམ་གཤིས་དྲོ་ཚད་དེ་ལོ་བཅུ་རེའི་མཚམས་སུ་ཚག་ཀླད་ཀོར་ལྔ་ནས་ཚག་ཀླད་ཀོར་བརྒྱད་ཙམ་ཕར་གྱི་ཡོད་ཀྱང་བོད་ཀྱི་ས་ཁུལ་ནང་ཕྱི་ལོ་༡༩༦༡ལོ་ནས་ཟུར་ཐོ་བཞག་འོག་བཙུགས་པ་ནས་བཟུང་ལོ་བཅུ་རེའི་མཚམས་སུ་གནམ་གཤིས་ཚ་དྲོད་དེ་ཚག་སུམ་སུ་སོ་གཉིས་འམ་གྲངས་ཆུང་སུམ་ཅུ་སོ་གཉིས་ཀྱི་ཆེ་རུ་འགྲོ་ཡོད་ཡོད་པ་རྟོགས་ཞིབ་ཐུབ་བཞིན་ཡོད་སྐོར་ངོ་སྤྲོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org