ཨ་རིའི་རྒྱལ་ས་མངའ་ཁུལ་བོད་མི་ཚོས་ལོ་གསར་གཏང་རྒྱུ་མིན་པ།

ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མི་ཚོས་སྔ་ལོ་བོད་ནང་གི་དོན་རྐྱེན་རྗེས་དྲན་མཚོན་ཆེད་འདི་ལོའི་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པའི་གནས་ཚུལ།

༄༅༎སྔ་ལོ་བོད་ནང་གི་བོད་མིའི་སྒེར་ལངས་ཀྱི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པའི་ཚེ་སྲོག་ཤོར་ཡོད་པ་དང་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་ཉེས་རྡུང་ཚད་མེད་གཏོང་བཞིན་ཡོད་པར་བརྟེན་ཨ་མི་རི་ཀའི་རྒྱལ་ས་མངའ་ཁུལ་གྱི་བོད་མི་ཚོས་ཚོས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་འཛིན་བཟུང་བཙོན་འཇུག་དང་བཀག་ཉར་བྱེད་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་འདི་ལོ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་བ་མ་ཟད་ཚེས་པ་གཅིག་གི་ཉིན་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཉིན་གང་རྔམ་སྟོན་ཁྲོམ་སྐོར་སོགས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཨ་རི་གཞུང་གི་ལྟེ་གནས་ལྦ་ཤིང་ཊོན་ཌི་སི་དང་ལྦར་ཇི་ཎི་ཡ་དེ་བཞིན་མེ་རི་ལེནྡ་བཅས་ནང་རྟེན་གཞི་བྱས་པའི་བོད་མིའི་མཐུན་ཚོགས་པས་སྔ་ལོ་བོད་ནང་གི་དོན་རྐྱེན་དང་འདི་ལོ་བོད་མིའི་རང་དབང་སྒེར་ལངས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སོགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཆེད་འདི་ལོ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པ་དང་དེའི་ཚབ་ཏུ་ཚེས་པ་གཅིག་གི་ཉིན་ནུབ་ལྦར་ཇི་ཎི་ཡ་མངའ་སྡེའི་བོད་མི་དང་བོད་དོན་རྒྱབ་བསྐྱོར་བའི་ལྷན་དུ་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་ནས་རྒྱ་ནག་གི་གཞུང་ཚབ་བར་རྔམ་སྟོན་ཁྲོམ་སྐོར་དང་ཕྱི་དྲོ་མར་མེའི་ཁྲོམ་སྐོར་གནང་གཏན་འཁེལ་ཡོད་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ཀྱིས་གསུངས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org