བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་ཉེན་སྲུང་སྨན་བཅོས་ལྟ་སྐྱོང་།
བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་ཉེན་སྲུང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་སྤེལ་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་འདུག
-
2011-03-09 -
-
-
༄༅།།བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་ཉེན་སྲུང་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་སྤེལ་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་འདུག
འདི་ཚེས་དགུ་ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་ཉེན་སྲུང་ལྟ་བུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི། ཕྱི་ལོ་༢༠༡༡ཟླ༤ཚེས་༡ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༡༠ཚེས་༡བར་ཟླ་དྲུག་ནང་ཚུད་ལ། ཆ་ཚང་མང་ཚོགས་ལ་གསལ་བསྒྲགས་དང་ཆབས་ཅིག་ལས་དོན་འདི་ཡང་ཟླ་དྲུག་ནང་ཚུད་བསྒྲུབ་རྒྱུར་ཚོད་དཔག་གནང་འདུག
བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གཟིགས་རྟོག་འོག་ཡོད་པའི་བོད་མིའི་གཞི་རིམ་འཕྲོད་བསྟེན་གྱི་གནས་སྟངས་གང་ཙམ་ཚད་མཐོ་པོར་སླེབས་པས། ད་ཆ་མ་དང་བྱིས་པའི་འཕྲོད་བསྟེན་གཙོ་བོར་ གྱུར་བའི་སྔོན་འགོག་གི་ལས་གཞི་དེ་དག་ཆ་ཚང་བ་ཞིག་ཡོང་རྒྱུར་འབད་བརྩོན་གནང་བཞིན་ཡོད་འདུག
ཕྱི་ལོ་༡༩༦༠ལོ་མཇུག་དང་༧༠འགོ་སྟོད་བར་བོད་མིའི་མི་འབོར་བརྒྱ་ཆ་སུམ་ཅུ་ཙམ་གློ་ནད་(T.B)ནད་མནར་གྱིས་སྨན་ཁང་དུ་ཛ་དྲག་བསྟེན་དགོས་རིགས་ལ་བོད་གཞུང་གིས་མཐུན་འགྱུར་གང་ཡོང་གནང་ཡོད་ལ་། ད་ཆ་བོད་མི་ཡོངས་ལ་གཞི་རིམ་གཉིས་པ་དང་གསུམ་པའི་སྨན་བཅོས་ལྟ་སྐྱོང་སྤྱི་སྙོམས་ཡོང་བའི་ཆེད་དུ། བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པ་དེབ་སྐྱེལ་གྱིས་རིམ་པས་བོད་མི་ཡོངས་ལ་ཁྱབ་ཐུབ་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་སྤེལ་རན་ཡོད་ལུགས་གསལ་བསྒྲགས་གནང་འདུག།