ཁམས་ལི་ཐང་རྫོང་དུ་ཉེན་རྟོག་པས་བོད་མིར་རྡུང་རྡེག་བཏང་བ།

ཁམས་ལི་ཐང་རྫོང་འགྲམ་སྣ་ཤང་རྫི་པ་ས་གནས་ཀྱི་མི་མང་ལ་རྒྱ་ནག་ཉེན་རྟོག་པས་རྡུང་རྡེག་བཏང་ཡོད་པའི་གནས་ཚུལ།

༄༅༎ཟླ་བ་འདིའི་ཚེས་༡ དང་ཚེས་༢ ཉིན། ཁམས་ལི་ཐང་རྫོང་། འགྲམ་སྣ་ཤང་། རྫི་པ་གྲོང་སྡེའི་ནང་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཡོང་ནས་ས་གནས་ཁག་གསུམ་དུ་མི་མང་བསྡུ་བསྐོང་གིས། རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་གྱི་མིང་ཐོག་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་སྐོར་བརྗོད་པར། མི་མང་གིས་ངོས་ལེན་མ་བྱས་པར་བརྟེན། ཉེན་རྟོག་པས་མི་མང་ལ་རྡུང་རྡེག་དང༌། བོད་ཆས་གྱོན་མཁན་ཚོར་བོད་ཆས་གྱོན་དགོས་དོན་གང་ཡིན་རྩད་གཅོད་ཀྱིས་གྱོན་ཆས་གཙབ་ཧྲལ་བཏང་བ་སོགས་བྱས་པ་མ་ཟད། མི་མང་དགུ་བཅུ་ཙམ་ལི་ཐང་རྫོང་གི་འགྲམ་སྣ་ཤང་དུ་དོ་དམ་བཀག་ཉར་འོག་བཞག་ཡོད་པའི་ཐོག  ད་ལྟའི་ཆར་ས་གནས་དེར་དམག་མིའི་རླངས་འཁོར་བདུན་ཙམ་གསར་དུ་འབྱོར་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་པ་ཡིན་འདུག།   

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org