བོད་མདོ་ཁམས་རྫ་ཆུ་ཁར་ངོ་རྒོལ།
བོད་མདོ་ཁམས་རྫ་ཆུ་ཁའི་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ཡིས་སེར་ཤུལ་རྫོང་དུ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
-
2013-04-08 -
-
-
༄༅༎བོད་མདོ་ཁམས་རྫ་ཆུ་ཁའི་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ཡིས་སེར་ཤུལ་རྫོང་དུ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
དེ་ཡང་དེ་རིང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༣:༣༠ཙམ་ལ་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ཞུ་བས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེ་རྒྱབ་ཡོད་འདུག བོད་ནས་ཐད་ཀར་འགྲེལ་བརྗོད་གནང་དོན་ལ། ད་ལན་དགེ་འདུན་པ་ཐུབ་དགེ་ཡིས་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་དགེ་འདུན་པ་གསུམ་གྱི་སྐད་འབོད་ལས་ཤུགས་ཆེ་ཙམ་རྒྱབ་ཡོད་འདུག ཡིན་ནའང་༧རྒྱལ་བ་རིན་པོ་བོད་དུ་ཕེབས་འཇུག་དགོས་པ་དེ་ལས་གཞན་སྐད་འབོད་གང་དང་གང་རྒྱབ་ཡོད་མེད་གསལ་རྟོགས་བྱུང་མི་འདུག
དགེ་འདུན་པ་ཐུབ་དགེ་ནི་མང་དགེ་སྡེ་བའི་ཕ་མི་འགྱུར་གྱི་བུ་ཡིན་འདུག་པ་དང་། ད་ལྟ་མང་དགེ་དགོན་པའི་གྲྭ་བ་ཡིན་པ་དང་། ལོ་ཉི་ཤུ་ཡས་མས་ཡིན་ས་རེད་བསམ་པ་ཞིག་ཏུ་གནས་ཚུལ་མཁོ་སྤྲོད་པས་མཐོང་འདུག
གནས་ཚུལ་མཁོ་གཏོང་བ་འཇིགས་བྲལ་བསྟན་འཛིན་ནས།