བོད་དོན་གླེང་བར་ཐུགས་རྗེ་ཆེ།
ཉེ་ལམ་ཕ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་དཔོན་རིགས་དང་བོད་དོན་གླེང་སློང་གནང་བ་དེར་སྤྱི་འཐུས་ལྷན་ཚོཌ་ནས་ཐུགས་རྗེ་ཆེ་ཞུས་པ།
-
2013-04-29 -
-
-
༄༅༎ཟླ་བ་འདིའི་ཚེས་ ༢༥ ཉིན། ཕ་རན་སི་ཡི་སྲིད་འཛིན་ ཕརན་སོ་ཨ་ ཨོ་ལེནཌ་ རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་བོད་དང་ཤར་ཏུར་ཀིས་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་གློང་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཤིག་འདི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་མཚན་ཐོག་ནས་ཕུལ་ཡོད་འདུག་ཅིང༌། ཕྱག་བྲིས་དེའི་ནང༌། ཕ་རན་སིའི་སྲིད་འཛིན་སྐུ་ཞབས་ ཕརན་སོ་ཨ་ ཨོ་ལེནཌ་ སྐུ་ཉིད་ཀྱིས་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་དོན་སྐོར་གླེང་གློང་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བ་དེར་ང་ཚོས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་བསམ་བཞིན་ཡོད། འབྱུང་འགྱུར་ཡང་བོད་མིའི་བདེན་དོན་ལ་སྐུ་ཉིད་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག།