གླུ་པ་གྲགས་ཅན་མཆོག་གསལ་གར་སོང་ཆ་མེད།
ཁམས་འབྲི་རུ་རྫོང་གི་གླུ་བ་གྲགས་ཅན་མཆོག་གསལ་ལགས་རྒྱ་མིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
-
2012-08-11 -
-
-
༄༅༎ཕ་ཡུལ་བོད་རང་སྐྱོང་ལྗོངས་མདོ་སྟོད་འབྲི་རུ་རྫོང་ནས་ཡིན་པའི་གླུ་པ་གྲགས་ཅན་མཆོག་གསལ་ལགས་ཀྱིས་དེ་སྔོན་བོད་ཀྱི་ལར་རྒྱ་མཚོན་པའི་གླུ་གཞས་འོད་སྡེར་བཞི་ཙམ་བཏོན་པའི་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་ལས་གཡོལ་ཐབས་སུ་ ཕ་ཡུལ་བྲི་རུ་རྫོང་དུ་སྡོད་མི་ནུས་པར་རྒྱ་ནག་གི་ཟི་ཁྲོན་དང་པེ་ཅིན་བརྒྱུད་དུ་འགྲུལ་བཞུད་བྱས་ནས་བཞུགས་མུས་ཡིན་པ་དང་། ཉེ་ཆར་ཁོང་གིས་གཞས་ཀྱི་འོད་མདེར་གསར་པ་ཞིག་ཕྱིར་བཏོན་བྱས་ཡོད་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་བཙོན་ཁང་ནས་གློད་བཀྲོལ་གཏོང་དགོས་པ། བོད་གཞིས་བྱེས་མཉམ་འཛོམས་དགོས་པ་སོགས་ཀྱི་ནང་དོན་འཁོད་ཡོད་པར་བརྟེན་ནས་ད་ལོ་ཕྱི་ཟླ་༧་པའི་ཚེས་༢༩ཉིན་ཁོང་རྔ་བ་ཁུལ་དུ་བསྐྱོད་པའི་སྐབས་ ཨ་མདོ་རྔ་བ་རང་སྐྱོང་ས་ཁུལ་ནང་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་འདུག ཁོང་གི་ནང་མིས་ཁོང་གར་ཡོད་བརྩད་གཅོད་ཐེངས་མང་བྱས་ཡོད་ཀྱང་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པའི་སྐོར་འབྲེལ་ཡོད་མི་སྣས་འདི་གའི་གསར་འགོད་པ་ལོ་བྷེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་འདུག།