རིན་པོ་ཆེ་དམ་པར་བཙོན་ཁང་ནང་སྨན་བཅོས་བལྟ་རྟོགས་བྱས་ཡོད།

བསྟན་འཛིན་བདེ་ལེཊ་རིན་པོ་ཆེ་སྐུ་གྲོངས་ནས་བདུན་གཅིག་གི་རྗེས་རྒྱ་ནག་གིས་ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་བལྟ་རྟོཊ་བྱས་ལུགས་བཤད་འདུག

ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་འཁྲུངས་སྐར་སྐབས་བོད་མི་ཚོས་བཤམ་པའི་སྐུ་པར། ༢༠༡༣ པར་ཚགས

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གྲོངས་ནས་བདུན་ཕྲག་གཅིག་གི་རྗེས་རྒྱ་ནག་གིས་ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་བལྟ་རྟོགས་བྱས་ལུགས་བཤད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པའི་ནག་ཉེས་བཙུགས་ཏེ་༢༠༠༣ལོར་སྲོག་ཐོག་གི་ཉེས་ཆད་བཏང་རྗེས་ཚེ་བཙོན་གྱི་ཉེས་ཆད་འོག་ད་ཕན་ལོ་ངོ་༡༣ རིང་བཙོན་བཅུག་ཉེས་ཆད་འོག་ཕྱི་ཟླ་༧ཚེས་༡༢ ཉིན་དགོངས་པ་རྫོགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐོག་མར་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་རྒྱུ་རྐྱེན་གང་ཡང་གསལ་བཤད་བྱས་མེད་པར་ནང་མི་སྤུན་མཆེད་དང་དད་ལྡན་སློབ་མ་དེ་བཞིན་ཚོགས་པ་ཁག་བཅས་ནས་བློ་ཡིད་མི་ཚིམས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་བདུན་ཕྲག་གཅིག་གི་རྗེས་སུ་རྒྱ་ནག་གཞུང་གིས་གསར་ཤོག་ཐོག་གནས་ཚུལ་ཞིག་བཏོན་སྟེ། བསྟན་འཛིན་བདེ་ལེགས་རིན་པོ་མཆོག་བཙོན་ཁང་ནང་སྙིང་གི་སྙུང་གཞི་བྱུང་ནས་རྒྱ་ནག་གཞུང་གིས་ཐེངས་མང་སྨན་བཅོས་བལྟ་རྟོགས་ཀྱི་འགན་ལེན་བྱས་ལུགས་དང་། སྐབས་རེར་སྨན་བཅོས་བྱེད་རྒྱུར་རིན་པོ་ཆེ་དམ་པ་དེས་མོས་མཐུན་མི་གནང་བ་སོགས་ཀྱི་གནས་སྟངས་འོག་སྐུ་ཚེ་མ་ཟིན་པའི་སྐོར་བཤད་ཡོད་པ་རེད།
དེ་བཞིན་བོད་རང་དབང་ཆེད་སློབ་ཕྲུག་ཚོགས་པས་གསུངས་པར་། རིན་པོ་ཆེ་དམ་པ་དེ་ཉིད་དགོངས་པ་རྫོགས་པའི་རྗེས་ནང་མི་སྤུན་མཆེད་གཅུང་མོ་སྒྲོལ་དཀར་ལྷ་མོ་ལགས་སོགས་སྤུན་ཉེ་རྣམས་ཉེན་རྟོག་པས་གནས་ངེས་མེད་ཅིག་ཏུ་ཁྲིད་ནས་གནས་ཚུལ་གསལ་པོ་བཤད་མེད་ལུགས་དང་། དེ་བཞིན་ཁོང་དང་དད་ལྡན་རྗེས་འཇུག་སློབ་མ་རྣམས་ཀྱི་འདོད་བློ་ལྟར་མ་ཡིན་པར་བཙོན་ཁང་ནང་སྐུ་ཕུང་ཞུགས་འབུལ་བྱས་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད།
དེ་བཞིན་ཉག་ཆུ་ཁའི་ས་གནས་སུ་བོད་མ་ཆིག་སྟོང་ལྷག་གིས་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་བཙོན་ཁང་ནང་དགོངས་པ་རྫོགས་པའི་གནད་དོན་དེར་ངོ་རྒོལ་སྐད་འབོད་བྱ་སྐབས་རྒྱ་མི་ཉེན་རྟོག་པས་དྲག་གནོན་བྱས་ཏེ་བོད་་མི་༢༠་ལྷག་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org