མཐོ་རིམ་སློབ་མའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ།
བོད་རིགས་མཐོ་རིམ་སློབ་མའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དེ་བཞུགས་སྒར་ཉེ་འདབས་ས་རྭ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ་དབུ་འཛུགས་གནང་འདུག།
-
2012-08-01 -
-
-
ཕྱི་ཚེས་༡ཉིན་ ས་རྭ་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ་གནའ་དེང་བོད་ཀྱི་རིག་གནས་དང་མི་རབས་གསར་པའི་ཕུགས་བསམ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་མཐོ་རིམ་སློབ་མའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དབུ་འཛུགས་གནང་འདུག། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡིན་པ་དང༌། དབུས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱང་ཕེབས་འདུག།
ད་རེས་ཀྱི་མཐོ་རིམ་སློབ་མའི་བགྲོ་གླེང་ཐེངས་དྲུག་པར་ཤེས་ཡོན་བསྟི་གནས་ཁང་༡༧ཙམ་ནས་ཁྱོན་མི་གྲངས་༦༠མཉམ་ཞུགས་ཀྱིས་ བརྗོད་གཞི་རྩོམ་རིག་དང༌། སྙན་ངག་། ནང་ཆོས། ཚན་རིག། ཆབ་སྲིད། གནའ་བོའི་རིག་གཞུང༌། སྐད་ཡིག། སྐད་གསར་བཅད། གསོ་བ་རིག་པ་། སེམས་ཁམས་རིག་པ། སློབ་གསོ། དཔལ་འབྱོར་ཚོང་འབྲེལ། བོད་ཀྱི་གར་གླུ་དང་ལྟ་སྐུའི་རིག་གནས། བོད་བཙན་པོའི་རྒྱལ་རབས། ཁོར་ཡུག། བོད་ནང་རྒྱ་གཞུང་གི་ཤུགས་རྐྱེན་སོགས་ཀྱི་ཐད་བརྗོད་གཞི་དང་འབྲེལ་བའི་མི་སྣ་གདན་ཞུས་ཀྱིས་ཉིན་གྲངས་༤རིང་བགྲོ་གླེང་གནང་ཡག་རེད་འདུག