པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ཆེད་མར་མེའི་ཁྲོམ་བསྐོར།

པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཁྱིམ་ཚང་གི་གནས་སྟངས་ངོ་སྤྲོད་དགོས་ཀྱི་ཡོད་ཅེས་མར་མེའི་ཁྲོམ་བསྐོར་ཞིག་གནང་ཡོད་པ་རེད།

༄༅༎ཁ་ས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༧སྤྱི་ནོར་༧གོང་ས་མཆོག་གིས་ངོས་འཛིན་འཁྲུལ་མེད་མཛད་པའི་པན་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་ པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ ཁོང་དང་ཁོང་གི་ཡབ་ཡུམ་གྱི་གཙོས་ཁྱིམ་ཚང་གི་གནས་སྟངས་ངོ་སྤྲོད་དགོས་ཀྱི་ཡོད་ཅེས་ མར་མེའི་ཁྲོམ་བསྐོར་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་རེད་

༧སྤྱི་ནོར་༧གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པན་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་ནས་བཟུང་ རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ཏེ་ཁ་སའི་བར་མི་ལོ་༡༦འགྲོ་ཡི་ཡོད་པ་རེད་

བོད་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ རྒྱ་ནག་གཞུང་ལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ གར་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་དགོས་པ་ ཡང་ཡང་གླེང་གི་ཡོད་ཀྱང་ རྒྱ་ནག་གཞུང་གིས་གནས་ཚུལ་ཁ་གསལ་ཞིག་ངོ་སྤྲོད་གནང་མེད་ཅིང་ ཡིན་ནའི་སྔར་ལོ་༢༠༡༠ལོར་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ འགོ་ཁྲིད་ པད་མ་ཆོས་གླིང་ཟེར་བས་ ཕྱི་རྒྱལ་གསར་འགོད་པའི་དྲི་རྩད་ལ་ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་བཅས་པ་ བོད་རིགས་མི་སེར་དཀྱུས་མ་་གཞན་དང་མཚུངས་པའི་ མི་ཚེ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད་ལུགས་ངོ་སྤྲོད་བྱས་ཡོད་པ་རེད་

བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ རྒྱ་ནག་གཞུང་གི་ངོ་ཚབ་པ་པད་མ་ཆོས་གླིང་ལ་ ཁོང་གིས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་ན་ ར་སྤྲོད་ཀྱི་དཔང་རྟགས་ངོ་སྤྲོད་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་དང་ ཁ་ས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་ལས་འགུལ་ཞིག་ནང་ རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ རྒྱ་ནག་གཞུང་ལ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ ཡང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བརྗོད་པ་ལྟར་ ཁོང་སྐུ་འཚོ་བཞུགས་ཡོད་ན་ ཁོང་ལ་རང་གི་གདན་ས་བཀྲིས་ལྷུན་པོར་རང་དབང་ངང་བསླབ་པ་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཆ་ཚང་ཡོང་སླད་ འབྲེལ་ཡོད་རྒྱ་ནག་གཞུང་ལ་ ཆབ་སྲིད་ཀྱི་གནོན་ཤུགས་ སྤྲོད་དགོས་པའི་རེ་སྐུལ་ཤུགས་ཆེ་ཞིག་ གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org