བོད་རིགས་རྩོམ་པ་པོ་གསུམ་ལ་ཁྲིམས་ཞིབ་བྱས་པ།

ཨ་མདོ་རྔ་བ་ཁུལ་གྱི་འབར་ཁམས་རྗོང་དུ་ཡོད་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རིགས་རྩོམ་པ་པོ་གསུམ་ཁྲིམས་ཞིབ་བྱས་པ།

༄༅༎བོད་ཀྱི་ཨ་མདོ་རྔ་བ་ཁུལ་གྱི་འབར་ཁམས་རྗོང་དུ་ཡོད་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་ཚེས་༢༨ཉིན་བོད་རིགས་རྩོམ་པ་པོ་གསུམ་ཁྲིམས་ཞིབ་འདྲི་གཅོད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན་ སྤྱི་ཚེས་༢༨ཨ་མདོ་རྔ་བ་ཁུལ་གྱི་བོད་རིགས་རྩོམ་པ་པོ་བུད་རྡདང་འཛང་རྩེ་དོན་ཁོ་ སྐལ་བཟང་སྦྱིན་པ་བཅས་རྩོམ་པ་པོ་གསུམ་པོ་ཉིན་གཅིག་ཏུ་ཡོངས་གྲགས་མ་ཡིན་པའི་ཐོག་ནས་ཁྲིམས་ཞིབ་འདྲི་གཅོད་བྱས་ཡོད་ཅིང་། སྐབས་དེ་དུས་རྩོམ་པ་པོ་གསུམ་གྱི་ཁྲིམས་རྩོད་པ་དང་ ནང་མི་ཁ་ཤས་ཀྱང་ཁྲིམས་ཁང་ནང་དུ་ཡོང་དུ་བཅུག་པ་དང་ བོད་རིགས་རྩོམ་པ་པོ་གསུམ་ལ་ཁྲིམས་ཁང་སོ་སོའི་གྱོད་དོན་སྲུང་སྐྱོབ་ཀྱི་ཆེད་དུ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་སྤྲད་འདུག། འབྲིང་རིམ་མི་དམངས་་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ ཁོང་གསུམ་གྱིས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་གྱི་ནག་ཉེས་ཡོད་མེད་དྲི་སྐབས་ ཁོང་གསུམ་གྱིས་ནག་ཉེས་མེད་པའི་ལན་འདེབས་གནང་ཡོད་པ་མ་ཟད་ རྩོམ་པ་པོ་བདུ་ལྡས་ རྩོམ་ཡིག་བྲིས་པ་དེ་ནག་ཉེས་ཡིན་པ་བསམ་གྱི་མེད་པ་དང་ ཁོང་གི་རྩོམ་བྲིས་སྤེལ་བའི་ནང་དོན་དང་ འདྲ་མཚུངས་ཅན་གྱི་རྩོམ་བྲིས་མང་པོ་རྒྱ་རིགས་རྩོམ་པ་པོ་ ལྦང་ལི་ཞུང་དང་ ཡུས་ཇེ་སོགས་མང་པོས་བྲིས་ཀྱི་ཡོད་པ་རེད་། ཡིན་ནའི་ རྒྱ་རིགས་རྩོམ་པ་པོར་ཉེས་པ་མེད་པ་དང་ ཁོང་ཚོ་གྲངས་ཉུང་མི་རིགས་ཤིག་ཡིན་པས་ཐོག་ནས་ ནག་ཉེས་སུ་བརྩི་པ་དང་ གལ་ཏེ་ཁྲིམས་ཆད་ཕོག་པ་ཡིན་ན་ རྒྱ་ནག་གི་སྦྱི་འབངས་ཡིན་པ་གཅིག་མཚུངས་ཡིན་རུང་ ཁྲིམས་ཀྱི་མདུན་དུ་འདྲ་མཉམ་མིན་པའི་གནད་དོན་གྱི་ཐོག་སེམས་ཀྱི་སྟེང་དུ་ཁུར་པོ་ཆེན་པོ་ཞིག་ཡིན་པའི་སྐོར་ རྒྱ་སྐད་ཐོག་ཁྲིམས་ཁང་དུ་ཐད་ཀར་གཏམ་བཤད་གནང་འདུག།  དེ་བཞིན་འཛང་རྩེ་དོན་ཁོ་དང་ སྐལ་བཟང་སྤྱིན་པ་གཉིས་ཀྱིས་ཀྱང་བོད་སྐད་ཐོག་ནན་པོ་གཏམ་བཤད་གནང་ཡོད་ཀྱང་ རྒྱ་རིགས་སྐད་བསྒྱུར་བས་ ནང་དོན་ཆ་ཚང་སྐད་བསྒྱུར་ཐུབ་མེད་པའི་ཚོར་སྣང་བྱུང་ཡོད་པ་རེད་འདུག། ཁོང་གཉིས་ཀྱིས་བུད་རྔ་ལ་སྐད་བསྒྱུར་དུ་བཅུག་པའི་བཀའ་ཁྲོལ་ཞུས་ཀྱང་ ཁྲིམས་དཔོན་གྱིས་ངོས་ལེན་བྱས་མི་འདུག། ཉིན་ཕྱེད་ཀའི་རིང་དུ་ཁྲིམས་ཞིབ་འདྲི་གཅོད་བྱས་པའི་རྗེས་སུ་ ཁྲིམས་ཁང་གི་ལས་བྱེད་ཞིག་གིས་ཉིན་ཤས་ཀྱི་རྗེས་སུ་ འདྲི་གཅོག་ལྷན་ཚོགས་ཀྱིས་གྲོས་ཞིབ་བརྒྱུད་ནས་བཅད་ཁྲ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག། བོད་རིགས་རྩོམ་པ་པོ་གསུམ་པོ་འདི་ལོའི་སྤྱི་ཟླ་དྲུག་པ་དང་བདུན་པའི་ནང་ ཤར་དུང་རིའི་དུས་དེབ་ནས་ཕྱི་ལོ་༢༠༠༨ལོའི་བོད་མིའི་ཞི་རྒོལ་དང་འབྲེལ་བའི་རྩོམ་བྲིས་བྲིས་པར་ཉེས་བཙུགས་ཀྱིས་འཛིན་བཟུང་བཀག་ར་བྱས་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org