བལ་ཡུལ་དུ་པན་ཆེན་སྐུ་ཕྲེང་བཅིུག་པའི་ཆེད་ཞུ་སྐུལ་༎
བལ་ཡུལ་ནང་ས་གནས་བོད་རིགས་གཞོན་ནུས་གཞུང་ཚབ་ཁག་ལ་པཎ་ཆེན་རིན་པ་ཆེ་མཆོག་གློད་བཀྲོལ་འབོད་བསྐུལ་གྱི་ལས་འགུལ་སྤེལ་བ།
-
2011-04-26 -
-
-
༄༅༎བལ་ཡུལ་ནང་ཉེན་རྟོག་དམག་མིས་བོད་རིགས་རྣམས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་ཐོག་དམ་བསྒྲཌ་བསུན་བཙིར་ཤུགས་ཆེ་བྱེད་བཞིན་པའི་ཁོར་ཡུག་ནང་འདུ་འཛོམས་མེད་པའི་ཐོག་ནས་ས་གནས་བོད་རིགས་གཞོན་ནུས་གཞུང་ཚབ་ཁག་ལ་པཎ་ཆེན་རིན་པ་ཆེ་མཆོག་གློད་བཀྲོལ་འབོད་བསྐུལ་གྱི་ལས་འགུལ་སྤེལ་གནང་འདུག་། རྒྱ་ནག་གི་གནོན་ཤུགས་ཀྱི་རྐྱེན་པས་བལ་ཡུལ་ནང་བོད་མི་རྣམས་ཀྱིས་ཆབ་སྲིད་ལས་འགུལ་ཐོག་བལ་ཡུལ་གཞུང་གིས་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་པ་ཡིན་ཅིང་། ཐེངས་འདི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་ཚེས་ཐོག་བལ་ཡུལ་གྱི་ས་གནས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཛད་སྒོ་དང་འདུ་འཛོམས་གནང་མི་དགོས་པའི་ཐོག་ནས་ལས་འགུལ་གྱི་རྣམ་པ་གྱུར་ནས་ ཉིན་དེར་བལ་ཡུལ་གྱི་རྒྱལ་སའི་ནང་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལས་ཁང་དང་ ཨ་མི་རི་དང་ དབྱིན་ཇི་ རྒྱ་གར་གཙོས་པའི་གཞུང་ཚབ་ལས་ཁང་ ༢༠་ ཙམ་དུ་བཅར་ནས་ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ངོ་མ་གང་ཡིན་རྒྱ་ནག་གིས་ཕྱི་བསྒྲག་གནང་དགོས་པ་དང་ ཁོང་གློད་བཀྲོལ་གྱི་ཆེད་དུ་འཛམ་གླིང་གི་ཚོགས་པ་དང་ གཞུང་ཁག་གིས་རོགས་མགོན་གནང་དགོས་པའི་འབོད་བསྐུལ་ཞུ་གནང་འདུག་།
དགུང་གྲངས་ ༢༢་ལ་ཕེབས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་འཁྲིད་བྱས་ནས་ལོ་ངོ་ ༡༦་ཙམ་ཕྱིན་ཡོད་པ་དང་ རྒྱལ་སྤྱིའི་གནོན་ཤུགས་སྤྲད་ཡོད་ཀྱང་ ཁོང་གི་གནས་སྟངས་སྐོར་རྒྱ་ནག་གིས་གནས་ཚུལ་གང་ཡང་གསལ་བཤད་གནང་གི་མེད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎