བོད་པའི་དགེ་འདུན་པ་ཞིག་འཛིན་བཟུང་།

བོད་ཀྱི་སེ་ར་དགོན་པ་ནས་དགེ་འདུན་པ་ཤེས་རབ་མཚན་སྤེལ་ལགས་ཞུ་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་ཕྱི་ཟླ་ ༡༠ ཚེས་ ༤ དགོང་མོ་གསང་རྒྱ་དམ་པོའི་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་གདན་ས་ཆེན་པོ་སེ་ར་དགོན་པ་ནས་དགེ་འདུན་པ་ཤེས་རབ་མཚན་སྤེལ་ལགས་ཞུ་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་ཕྱི་ཟླ་ ༡༠ ཚེས་ ༤ དགོང་མོ་གསང་རྒྱ་དམ་པོའི་འོག་འཛིན་བཟུང་བྱས་ཡོད་སྐོར་བོད་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་ཞིང༌། ཁོང་སེ་ར་སྔགས་པ་གྲྭ་ཚང་ནས་ཡིན་པ་དང༌། ཁོང་གི་གྲྭ་ཤག་ནས་ཆེས་གསང་བ་དམ་པོའི་ཐོག་འཛིན་བཟུང་བྱས་སྟབས།    ཉེ་འཁོར་གྱི་གྲྭ་པ་ཚོས་ཁོང་འཛིན་བཟུང་བྱས་སྐབས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་པར་གཞིགས་ན། ཤེས་རབ་མཚན་སྤེལ་ལགས་འཛིན་བཟུང་བྱས་དགོས་དོན་ནི།    ཁོང་གིས་ཁ་པར་བརྒྱུད་ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱས་པའམ། ཡང་ན་ཁ་པར་ཐོག་གི་དྭོགས་གཞིའི་གནས་ཚུལ་ཡོད་པའི་རྐྱེན་གྱིས་ཡིན་ལུགས་གྲྭ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག འོན་ཀྱང་དགོན་པའི་ནང་ཁོང་འཛིན་བཟུང་བྱས་པའི་སྐོར་གླེང་སློང་བྱ་རྒྱུར་དྭོགས་ཟོན་དང༌བཀག་འགོག་བྱེད་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org