བོད་མི་དང་བོད་དོན་རྒྱབ་སྐྱོར་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་འགྲམ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཆེད་དུ་ངོ་རྒོལ་སྐད་འབོད་གནང་ཡོད་པ།
-
2017-06-10 -
-
-
Your browser doesn’t support HTML5 audio
༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་གསུམ་ཅུ་སོ་ལྔ་པ་དེ་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་ཚོགས་བཞིན་པ་དང་བསྟུན་ནས། སུད་སི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་གཅིག་སྟོང་ལྷག་ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གཏོང་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟིགས་རྟོག་གནང་སྟེ་བོད་དོན་ཐོག་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུར་ཞི་རྒྱ་ཆེ་བའི་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་དངུལ་འགྲིག་འཇག་གི་གནད་དོན་ཛ་དྲག་ཏུ་འགྱུར་བཞིན་པར་བརྟེན་ནས། རྒྱ་ནག་གཞུང་གིས་སྔོན་གསལ་མེད་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་སྐུ་ཚབ་ཚོར་རོགས་དངུལ་མུ་མཐུད་ཐོབ་རྒྱུར་བཀག་འགོག་བྱ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངུལ་རྩིས་སློབ་སྟོན་པ་ཁག་ཅིག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་རྭ་དེ་བཞིན་རྣོ་ངར་ཆེ་བའི་འགྲན་རྩོད་བྱེད་ཡུལ་ཞིག་ཏུ་འགྱུར་བཞིན་པ་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་མ་འོངས་པའི་ཞི་བདེ་སྲུང་དམག་གི་ལས་དོན་ཐོག་བལྟ་རྟོག་བྱ་རྒྱུའི་གནད་དོན་དེ་ཆབ་སྲིད་ཀྱི་ཁེ་ཕན་བཟོ་ཐབས་ལ་དམིགས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་སྔོན་གསལ་མེད་པའི་ཐོག་ནས་ཁེ་ཕན་བཟོ་ཐབས་ཀྱི་ཐབས་ཤེས་གང་དྲག་བྱེད་ཀྱི་ཡོད་པ་དེ་གནད་དོན་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་པ་རེད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱི་ཚེས་༩ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་འགྲམ་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོངས་ཐབས་ཆེད། ཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།
གསར་འགོད་པ་འཆི་མེད།