ཞེ་ཅིན་ཕུན་བྷེལ་ཇེམ་ལ་འབྱོར་སྐབས་ངོ་རྒོལ་འདྲ་མིན་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་གྱིས་བྷེལ་ཇེམ་ལ་གཟིཊ་སྐོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་འདྲ་མིན་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་བྷེལ་ཇེམ་ལ་འབྱོར་སྐབས་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༣།༣༡ པར། ས་གནས་བོད་མིས་བཏང་བ།

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་གྱིས་བྷེལ་ཇེམ་ལ་གཟིཊ་སྐོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་འདྲ་མིན་བྱས་འདུག

དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཟླ་༤པའི་ཚེས་༡ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་བྷེལ་ཇེམ་གྱི་ས་གནས་Bruggeནང་གཟིགས་སྐོར་དུ་འབྱོར་སྐབས་བོད་མི་དང་བོད་དོན་རྒྱ་བ་སྐོར་བ་སོགས་མང་པོས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ས་གནས་དེར་གནས་སྡོད་བོད་རིགས་ཚོགས་པའི་རྒྱུན་ལས་ཟུར་པ་འབའ་བ་མཁས་གྲུབ་ལགས་ཀྱིས་རྒྱ་སྐད་ནང། ཞི་ཅིན་ཕིན་བོད་མི་ཚོས་བོད་ནང་རང་ལུས་མེ་བསྲེག་གནང་གི་ཡོད་པ་དོ་སྣང་བྱུང་སོང་ངམ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚོ་རང་ཡུལ་ཏུ་ལོག་འཇུག་དགོས་ཅེས་སྐད་འབོད་གནང་སྟེ་ཞི་ཅིན་ཕིན་འགྲོ་སའི་ལམ་སྟེང་ལ་མཆོང་སྟེ་རྒྱུགས་ཡོད་པ་དང། དེ་མ་ཐག་ཉེན་རྟོག་པ་དང་སྐུ་སྲུང་བ་མང་བོ་ཁོའི་སྟེང་ལ་རུབ་སྟེ་ཁོ་སར་མནན་པ་དང་ཁོང་གི་སྐད་འབོད་འགོག་ཆེད་ཁའི་ནང་ལ་ལག་རས་བརྫངས་ཡོད་འདུག་ལ། དེ་ནས་ལག་ལྕགས་བརྒྱབ་སྟེ་ཉེན་རྟོག་ལས་ཁུངས་སུ་བཙན་ཁྲིད་བྱས་ཡོད་འདུག ཉིན་དེར་ས་གནས་དེ་གར་བོད་མི་བཅུ་གསུམ་ཙམ་སྤེལ་ལྗམ་ཉེན་རྟོག་པའི་དོན་མེད་འཛིན་བཟུང་བྱས་ཏེ་བཀག་ཉར་གནང་ཡོད་ནའང་དགོང་དྲོ་ཚང་མ་ཀློད་གྲོལ་བཏང་ཡོད་འདུག

བོད་མི་ལས་འགུལ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་བསྐྱོད་སར་མཆོངས་པ། ༢༠༡༤།༤།༡
ཕྱི་ཟླ་༣པའི་ཚེས་༣༡ཉིན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་བྷེལ་ཇེམ་གྱི་རྒྱལ་ས་Brusselདུ་ཡོད་པའི་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་དང་། ཡུ་རོབ་གྲོས་ཚོགས་བཅས་སུ་འཚམས་གཟིགས་སྐབས། Brusselདུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་།  བེལ་ཇམ་བོད་རིགས་ཚོགས་པའི་གཙོས་ས་གནས་གཞོན་ནུ་དང་ས་གནས་ཆུ་བཞི་སྒང་དྲུག་བཅས་མཉམ་རུབ་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་སྐབས་བོད་མི་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་འདུག
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་སྐུ་ཞབས་Henri Malosseམཆོག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། རྒྱ་ནག་གི་སྲིད་འཛིན་ལ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་འབྲེལ་མོལ་བསྐྱར་དུ་མགོ་འཛུགས་བྱ་དགོས་པའི་རེ་འདུན་བཏོན་གནང་འདུག ངོ་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་ནང་ཡུ་གུར་དང་བོད་མི། དེ་བཞིན་རྒྱ་རིགས་སོགས་མཉམ་བཞུགས་གནང་ཡོད་ཅིང། སྐབས་དེར་བོད་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་བཏང་གནང་མཁན་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་བོད་མི་ལྔ་བཅུ་ལྷག་གིས་མགོ་སྐྲ་བཞར་གནང་ཡོད་པ་དང་། སྐྲ་བཞར་མཁན་གྱི་གྲས་སུ་བུད་མེད་བཞི་ཡོད་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

སྐབས་དེའི་ལས་འགུལ་ཞིབ་ཕྲ་གཤམ་གྱི་བརྙན་འཕྲིན་ནས་གཟིགས་ཐུབ། 

མཁོ་སྤྲོད་གནང་མཁན་བསྟན་འཛིན་ནོར་བུ་ཡིན

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org