ལྷ་སའི་ཁུལ་དུ་ཡུལ་བསྐོར་སྤྲོ་འཆམ་པ་ཧ་ཅང་ཉུང་ཉུང་ཡིན་འདུག
ཕྱི་ཟླ་ལྔ་པའི་ཚེས་༡ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཧོང་ཀོང་དང་ ཐེ་ཝན་ནས་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་འདུག
-
2008-05-02 -
-
-
༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་བཞི་པའི་ཚེས་༢༣ནས་བཟུང་རྒྱ་ནག་རྒྱལ་ནང་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་བོད་ནང་གཏོང་
འགོ་ཚུགས་པ་དང་ཧོང་ཀོང་དང་ཐེ་དབན་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ཕྱི་ཟླ་ལྔ་པའི་ཚེས་༡ནས་བོད་ནང་ཡུལ་བསྐོར་
སྤྲོ་འཆམ་དུ་གཏོང་རྒྱུ་གཞུང་འབྲེལ་ཕྱིར་བསྒྲགས་བྱས་ཡོད་པའི་རྗེས། ད་རེས་ཕྱི་ཟླ་ལྔ་པའི་ཚེས་༢ཉིན་ཐེ་དབན་གྱི་དབུས་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་ལྔ་པའི་ཚེས་༡ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་རྒྱུད་དུ་ཡུལ་བསྐོར་སྤྲོ་འཆམ་དུ་
ཡོང་མཁན་མི་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་དང༌། དེ་སྔོན་གྱི་སྐབས་དེའི་དུས་ཚོད་དང་བསྡུར་ན་མི་འདྲ་བ་ཆེན་པོ་ཡོད་པ་འཁོད་འདུག