གྲྭ་ཁྲི་བཙན་བཙན་ཁྲིད་བྱས་འདུག

རྒྱ་ནག་ཉེན་རྟོག་པས་མདོ་སྨད་དགའ་བདེ་རྫོང་ཐོག་ཏུ་རྩོམ་པ་པོ་གྲྭ་ཁྲི་བཙན་འཇུ་བཟུང་ བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག

ཨ་མདོ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་དེ་སྔ་མཆོད་འབུལ་གནང་བའི་འདྲ་པར། བོད་ནས་བཏང་འབྱོར།

༄༅།    །གྲྭ་ཁྲི་བཙན་གྱིས་དགའ་བདེ་རྫོང་ཁོངས་སུ་ཡོད་པའི་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་ལགས་ཀྱི་ལུང་སྔོན་དགོན་པར་ཕེབས་ཏེ་སློབ་གཉེར་གནང་བཞིན་ཡོད་པ་དང་།  ཁོང་ལ་ལོ་ན་མཐོ་བའི་ཨ་མ་གཅིག་པུ་མ་གཏོགས་ནང་མི་གཞན་གང་ཡང་མེད་སྟབས།  ཉེ་སྔོན་དགུན་ཁའི་གུང་གསེང་སྐབས་ཕྱིར་ནང་དུ་ལོག་སྟེ་ཨ་མ་དང་མཉམ་དུ་བསྡད་ཡོད་ཀྱང་།   ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༡ ཉིན་ཁོང་མདོ་སྨད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཐོག་ཏུ་བསྐྱོད་ཡོད་པ་དང་། སྐབས་དེར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་རྫོང་ཐོག་ནས་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག  ད་ལྟའི་བར་ནང་མི་དང་གྲོགས་པོ་སོགས་མི་སུ་གང་ཡང་ཁོང་དང་ཐུག་འཕྲད་བྱེད་བཅུག་མེད་སྟབས།  ད་སྐབས་ཁོང་མགོ་ལོག་ཁུལ་དང་དགའ་བདེ་རྫོང་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་ཐུབ་མི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org