ཨ་བྱང་གཉིས་ཀྱི་དབུ་ཁྲིད་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་རྒྱུ་རེད།

ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་དང་མཇལ་འཕྲད་གྲུབ་འབྲས་ལྡན་པ་ཡོང་རྒྱུའི་རེ་བ་གནང་འདུག

དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་མ་གནང་སྔོན་གྱི་ཚགས་པར་མདུན་ཤོག ༢༠༡༨།༦།༡༡ Lhuboom/RFA

ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་དབུ་ཁྲིད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་དེ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིངྒ་པུར་གྱི་མཚོ་གླིང་ས་ཁུལ་ཞིག་ཏུ་གནང་གཏེན་འཁེལ་ཞིང་། ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཕྱི་ཚེས་ ༡༢ ཀྱི་སྔ་དྲོ་ཚོུད་དགུ་པའི་ཐོག་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་རྣམ་གཉིས་མཇལ་འཕྲད་ཐོག། ཚོུད་ ༩ཿ༡༥ ནས་དབུ་ཁྲི་རྣམ་གཉིས་ཀྱི་ཁེར་རྐྱང་གི་མཇལ་འཕྲད་དུས་ཡུན་ཚོུད་གཉིས་ཙམ་གནང་རྒྱུ་ཡིན་འདུག  དེ་རྗེས་ཉིན་གུང་གསོལ་ཚིགས་ལྷན་བཞེས་ཀྱི་ཚོགས་འདུ་ཡུལ་གྲུ་གཉིས་དབར་གྱི་དཔོན་རིགས་གཞན་ཁག་དང་མཉམ་དུ་གནང་རྒྱུ་ཡིན་པ་རེད
གནད་དོན་དབྱེ་ཞིབ་པ་མང་པོས་བྱང་ཀོ་རི་ཡའི་དབུ་ཁྲིད་ཞིག་དང་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་གཉིས་དབར་ཆེས་མཐོའི་མཇལ་འཕྲད་ཐོག་མ་འདིས་ཡུལ་མི་ས་ཡ་མང་པོའི་མདུན་ལམ་དང་དབུ་ཁྲིད་སོ་སོའི་འབྱུང་འགྱུར་ཆབ་སྲིད་ཀྱི་གནས་སྟངས་ཡང་ཚད་འཛིན་གྱི་གཞི་རྩ་ཡང་ཆགས་རྒྱུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གྱིས་སིངྒ་པུར་གྱི་སྲིད་བློན་ ལི་ཧྲེན་ལུང་(Lee Hsien Loong) མཇལ་འཕྲད་དུ་ཕེབས་སྐབས་སྲང་ལམ་དུ་མི་མང་ཚོས་དགའ་སྤྲོ་ཆེན་པོའི་ཐོག་ཕེབས་བསུ་ཞུས་ཡོད་འདུག དབུ་ཁྲིད་རྣམ་གཉིས་ ཨི་སེ་ཏ་ན་(Istana House) མགྲོན་ཁང་དུ་ཉིན་གུང་གསོལ་ཚིཊ་གནང་སྐབས་ཨ་རི་དང་བྱང་ཀོ་རི་ཡའི་དབུ་ཁྲིད་དབར་ཆེས་མཐོའི་མཇལ་འཕྲད་གོ་སྒྲིག་གནང་བ་དང་སྣེ་ལེན་ཚད་ལྡན་གནང་བར་བསྔགས་བརྗོད་དང་སྦྲགས་སང་ཉིན་གྱི་གལ་ཆེའི་མཇལ་འཕྲད་དེ་ལམ་ལྷོང་ཡོང་གི་རེད་བསམ་གྱི་འདུག་ཅེས་སྲིད་བློན་ལི་ཧྲེན་ལུང་ལ་གསུངས་གནང་བ་སྦྲགས་ཊུའི་ཊར་ཐོག་ཐུགས་ཚོར་ཆེན་པོས་བཏོན་གནང་ཡོད་འདུག དེའི་དབར་ལ་ཨ་རི་དང་བྱང་ཀོ་རི་ཡའི་དཔོན་རིཌ་ཚོས་དབུ་ཁྲིད་རྣམ་གཉིས་རིཛ་ཀརལྚོན་(Ritz-Carlton)མགྲོན་ནང་དངོས་སུ་མཇལ་འཕྲད་གོ་སྒྲིག་གནང་བཞིན་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་སེལ་རྒྱུའི་སྐོར་གྲོས་མོལ་དབུ་འཛུཊ་གནང་རྒྱུ་ཡིན་ཅིང་། ཚོཊ་འདུ་རིམ་པ་གཉིས་པ་ཞིག་ཉིན་རྒྱབ་ཡུལ་གཉིས་ཀྱི་འབྲེལ་ཡོད་དཔོན་རིཊ་དབར་གནང་གཏན་འཁེལ་ཡོད་འདུག
དབུ་ཁྲིད་རྣམ་གཉིས་སིངྒ་པུར་ནང་རེས་གཟའ་ཉི་མའི་ཉིན་འབྱོར་གནང་གིས་ཨ་རིའི་སྲིད་འཛིན་མཆོག་རྒྱས་སྤྲོས་དང་སྲུང་སྐྱོབ་དམ་པའི་ཤམ་བྷ་ལ་(Shangri-La) མགྲོན་ཁང་དང་། ཀིམ་ཇོང་ཨུན་སེནྚེ་ རི་ཇེ་སེ་  (St. Regis)མགྲོན་ཁང་ནང་བཞུགས་བཞིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org