ཐེ་ཝན་འོས་བསྡུའི་ནང་ལྕམ་ཚཡེ་ཨིང་ཝེནལ་རྒྱལ་ཁ་ཐོབ་ཡོད་པ།

ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚཡེ་ཨིང་ཝེན་ལ་རྒྱལ་ཁ་ཐོབ་ཡོད་པ།

འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་Tsai Ing Wenམཆོག ༢༠༡༦ AFP

༄༅། །དེ་རིང་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་སྤེལ་ཡོད་པ་དང།  ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚཡེ་ཨིང་ཝེན་ལ་འོས་ཤོག་གྲངས་ས་ཡ་དྲུག་ལྷག་ཐོབ་ནས།  ཉིས་སྟོང་བཅུ་དྲུག་ལོའི་ཐེ་དབན་གྱི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ལ་ཡང་དམངས་གཙོ་ཡར་ཐོན་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་འདུག   ད་རེས་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་ཕམ་ཉེས་བྱུང་བའི་གོ་མིན་ཏང་ཚོགས་པའི་འོས་མི་ཀྲུའུ་གླིས་ལུན་གྱིས་འོས་འདེམས་ཕམ་ཉེས་བྱུང་བར་རྒྱབ་སྐྱོར་བྱེད་མཁན་ཚོར་དགོངས་སེལ་གཏམ་བཤད་སྤེལ་བའི་སྐབས། ད་རེས་འོས་བསྡུའི་ནང་གོ་མིན་ཏང་ཚོགས་པར་ཕམ་ཉེས་བྱུང་བའི་ཉེས་ལེན་དུ་ཁོང་ཉིད་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་གནང་ཡོད་ཅེས་གསུངས་འདུག། ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་དམངས་གཙོ་ཡར་ཐོན་ཚོགས་པར་འོས་གྲངས་ས་ཡ་དྲུག་ལྷག་དང་གོ་མིན་ཏང་ཚོགས་པའི་འོས་མིར་འོས་གྲངས་ས་ཡ་
གསུམ་ལྷག་མི་མང་ཚོགས་པའི་འོས་མིར་འོས་གྲངས་ས་ཡ་གཅིག་ལྷག་ཐོབ་འདུག།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org