གོམ་བགྲོད་ཀྱི་ལས་འགུལ་བ་བཙོན་འགྲོལ་ཐོབ་འདུག

བལ་པོའི་གཞུང་གིས་ཉེ་ལམ་བརྩོན་བཅུག་བྱས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བརྩོན་བཅུག་ཁྲིམས་ཐག་བཅད་ནས་གློད་དཀྲོལ་བཏང་ཡོད་པ་དང་། ཁོང་ད་ལྟ་དྷ་རམ་ས་ལར་བདེ་འབྱོར་བྱུང་ཡོད་པ་རེད།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བཞུགས་སྒར་དྷ་རམ་ས་ལར་བདེ་འབྱོར་བྱུང་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།

༄༅།    །འདི་གར་གནས་ཚུལ་འབྱོར་བར་གཞིགས་ན།          བོད་དོན་ཆེད་གོམ་བགྲོད་ཀྱི་ལམ་ནས་ལས་འགུལ་སྤེལ་གནང་མཁན་གླིང་ཚ་ཚེ་བརྟེན་རྡོ་རྗེ་ལགས་ཟླ་བ་  ༩ ཙམ་རིང་བལ་ཡུལ་གྱི་བརྩོན་ཁང་ནང་བརྩོན་བཅུག་གི་ཉེས་ཆད་ཕོག་པའི་རྗེས་ཁོང་བོད་ཀྱི་ལོ་གསར་མ་ཚེས་གོང་བལ་པོས་བརྩོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་རེད།          ཁོང་བརྩོན་ཁང་ནང་ངག་བཅད་གནང་ནས་ཟླ་བ་ ༣ རྗེས་འདི་ཚེས་ ༡༠ ཉིན་བལ་ཡུལ་བོད་མིའི་བདེ་དོན་ལས་ཁུངས་དང་།  ས་དཀར་བསྟན་འཛིན།  དོན་ལྡན་སོགས་ཀྱིས་ཁྲིམས་རྩོད་པ་ཆེད་གླས་གནང་ནས་བལ་གཞུང་ལ་ཁྲིམས་གཏུགས་གནང་རྗེས་བརྩོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་པ་དང་།    ཁོང་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་དྷ་རམ་ས་ལར་བདེ་འབྱོར་བྱུང་ཡོད་པ་རེད།          ཁོང་གི་ངག་བཅད་ཀྱི་ལས་འགུལ་དེ་བཞུགས་སྒར་དུ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།         
སྔ་ལོ་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དང་།    ཁོང་གི་ཨ་མ་ལགས་དང་སྲིང་མོ་བཅས་ཀྱིས་རྒྱ་གཞུང་ལ་དོན་ཚན་ལྔ་བཏོན་ཏེ་རྒྱ་གར་བཞུགས་སྒར་དྷ་རམ་ས་ལ་ནས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་ནས་བོད་ནང་བསྐྱོད་རྒྱུའི་འཆར་གཞི་གནང་ཡང་།    བལ་པོའི་ས་མཚམས་སུ་འབྱོར་སྐབས་ཁོང་ཚོར་བལ་པོའི་ཉེན་རྟོག་པས་ཉེས་རྡུང་དང་གོམ་བགྲོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུར་བཀག་འགོག་བྱས་ཡོད་པ་རེད།           ཡིན་ནའང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསང་བའི་ཐོག་བལ་ཡུལ་ནང་ལས་འགུལ་མུ་མཐུད་སྤེལ་གནང་སྐབས་བལ་པོའི་ཉེན་རྟོག་པས་ཁོང་ ༢༠༡༢ ཟླ་ ༥ པའི་ཚེས་ ༢༡ ཉིན་འཛིན་བཟུང་བཙན་འཁྲིད་བྱས་པ་ཞིག་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org