རྒྱ་ནག་ཉེན་རྟོག་པས་ཚེ་དབང་ཆོས་འཕེལ་གློ་བུར་འཇུ་བཟུང་།

རྒྱ་ནག་གི་ཉེན་རྟོག་པས་རྟའུ་དགོན་པའི་དགེ་འདུན་པ་ཚེ་དབང་ཆོས་འཕེལ་ལགས་གློ་བུར་འཛིན་བཟུང་བྱས་འདུག

ཚེ་དབང་ཆོས་འཕེལ་ལགས་ཀྱི་ཉེ་པར། བོད་འབྱོར་RFA

དེ་ཡང་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༥ཟླ་༥ཚེས་༡༨ཉིན་གྱི་ཞོགས་པར་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པས་དཀར་མཛེས་རྟའུ་རྫོང་རྟའུ་ཉ་མཚོ་དགོན་པའི་གྲྭ་བ་སློབ་གཉེར་བ་ཚེ་དབང་ཆོས་འཕེལ་ལགས་འཛིན་བཟུང་བྱས་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཚེས་༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཙམ་ལ་ཁོང་གིས་གཅིག་བཞད་གྲོང་པའི་འདབས་ཀྱི་གཞུང་ལམ་ཐོག་འཕྲུལ་རྟ་ཞོན་ནས་བསྐྱོད་བཞིན་པའི་སྐབས་རྒྱ་ནག་གི་ས་གནས་ཉེན་རྟོག་པས་གློ་བུར་བཀག་ནས་འཇུ་བཟུང་བཙན་ཁྲིད་བྱས་པར་བརྟེན། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་། གནས་སྟངས་ཅི་ཡིན་གསལ་བོ་ཤེས་ཀྱིན་མེད་པ་བརྗོད་བྱུང་།
ཁོང་འཇུ་བཟུང་བྱས་དོན་ཐད་ས་གནས་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས། ཚེ་དབང་ཆོས་འཕེལ་ཁོང་གིས་སྔོན་མ་རྟའུ་རྫོང་ལ་བོད་མི་སྐལ་བཟང་ཡེ་ཤེས་ཀྱིས་བོད་དོན་ཆེད་སྐུ་ལུས་མེ་བསྲེགས་བཏང་བའི་སྐབས་ལ་དམ་དྲག་བྱེད་མཁན་རྒྱ་ནག་གི་ཉེན་རྟོག་པ་རྣམས་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་། ཁོང་ཚོ་རང་ལུས་མེར་བསྲེགས་གཏོང་ཁུལ་ལ་ཡོང་མ་བཅུག་པར་བཀག་འགོག་བྱེད་ཐབས་བྱས་བ་སོགས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ལ་དོགས་གཞི་བྱས་བསྡད་ཡོད་པས། ད་ཐེངས་རྒྱུ་རྐྱེན་དེ་འདྲའི་རྐྱེན་པས་གློ་བུར་འཇུ་བཟུང་བྱས་བ་ཡིན་པ་ས་གནས་བོད་མི་ཚོས་ཚོད་དཔག་དང་སེམས་ཁྲལ་བྱེད་བཞིན་པ་བརྗོད་ཡོད།
གོང་གི་ཚེ་དབང་ཆོས་འཕེལ་ནི་ཕ་ཡུལ་མ་ཟུར་ཡུལ་ཚོ་ཁུ་ཆ་གྲོང་པ་ནས་ཡིན་པ་དང་། རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་དང་། དགོན་པའི་སྐབས་དང་པོའི་འཛིན་གྲྭ་ནས་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

ཡང་ང་ཚོའི་གསར་འགོད་པ་བསོད་ནམ་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org