བོད་ཕྲུག་ལ་སོའི་སྨན་བཅོས་ཀྱི་རོགས་རམ།

ཨོསི་ཏྲེ་རི་ལི་ཡ་ནས་ཡིན་པའི་སོའི་སྨན་པ་གཉིས་བོད་ཕྲུག་ཁྱིམ་སྡེར་བོད་ཕྲུག་ཚོར་སོའི་སྨན་བཅོས་གནང་བར་ཕེབས་ཡག་རེད་འདུག

༄༅༎ཨོསི་ཏྲེ་རི་ལི་ཡ་ནས་ཡིན་པའི་སོའི་སྨན་པ་ཇོ་ན་ཐན་ལེ་ནདྲ་དང་ཁོང་གི་སྐུ་ཟླ་ཌེབ་རའ་གཉིས་ཟླ་བ་རྗེས་མ་བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེར་བོད་པའི་སློབ་ཕྲུག་ཚོར་སོའི་སྨན་བཅོས་གནང་བར་ཕེབས་ཡག་རེད་འདུག།

སོའི་སྨན་པ་ཇོ་ན་ཐན་ཡིས་བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་དང་ཤེས་རིག་ལས་ཁང་ལྷན་དུ་འབྲེལ་བ་གནང་ནས་བོད་མི་ཚོར་དགོས་གལ་ཆེ་བའི་སྨན་བཅོས་འཕྲོད་བསྟེན་གྱི་རོགས་རམ་གནང་རྒྱུ་ཡིན་སྐོར་གསུངས་ཏེ། བཙན་བྱོལ་བོད་མི་ཚོར་ད་ཕན་དབྱིན་ཡུལ་དང་བེལ་ཇི་ཡམ། ཕ་རེན་སི་དང་ཨི་ཊ་ལི་བཅས་ཀྱི་སོའི་སྨན་པས་རོགས་ཕན་གནང་ཡོད་ནའང༌། ཨོསི་ཏྲེ་རི་ཡས་བོད་མི་ཚོར་ཡིད་ཆེས་བློས་འཁེལ་ཐུབ་པའི་དུས་ཡུན་རིང་པོའི་རོགས་ཕན་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

ཨོསི་ཏྲེ་རི་ལི་ཡས་བོད་མིར་སོའི་སྨན་བཅོས་ལས་འཆར་དེ་བཞིན་༡༩༨༦ལོར་སྨན་པ་ཇེ་མི་རོ་སྦཏ་སེན་ཡིས་གསར་འཛུགས་གནང་ཡོད་པ་དང༌། ལོ་༢༤རྗེས་སུའང་། ཁོང་གོང་ཞུས་ལས་འཆར་དེའི་འགན་འཛིན་གནང་མུས་ཡིན་པ་རེད། ཇོ་ན་ཐན་ལེ་ནདྲ་དང་ཁོང་གི་སྐུ་ཟླ་དྲེབ་རའ་གཉིས་རྡ་རམ་ས་ལར་ཕེབས་ནས་བོད་ཕྲུག་ཁྱིམ་སྡེ་དང་དེའི་ཉེ་འཁོར་གྱི་བོད་མི་རྒན་གཞོན་ཚང་མར་སོའི་སྨན་བཅོས་གནང་རྒྱུ་ཡིན་པ་དང༌། སྨན་པ་ཇོ་ན་ཐན་ལེ་ནདྲ་ཡིས་བདུན་ཕྲག་གཉིས་རིང༌། ཉིན་མ་རེར་ནད་པ་༤༠ཙམ་ལ་བརྟག་དཔྱད་གནང་རྒྱུ་ཡིན་སྐོར་གསུང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org