བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཟས་བཅད་ངོ་རྒོལ།

རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་དང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་བཞིན་པ།

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་ཤར་ཕྱོགས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་ཛ་དྲག་གི་གནས་སྔངས་ཐོག་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ངེས་མེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ནས་ཉིན་བཅུ་ཕྱིན་ཡོད་རེད༎

རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་རྒྱ་ནག་གཞུང་གིས་བར་ལམ་ནས་དམ་བསྒྲགས་དང་དྲག་གནོན་ཇི་ཆེ་བྱེད་བཞིན་པ་དེར་བོད་མི་ཙམ་མ་ཡིན་པར་ཕྱོགས་གང་ས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་པའི་ཁར་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་དང་དཀའ་ངལ་ནང་ཚུད་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་སྤེལ་བཞིན་པ་རེད། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷར་ལགས་དང་ ཟུང་དྲུང་བསྟན་འཛིན་ནོར་བཟང་དང་རྒྱུན་ལས་དཀོན་མཆོག་ཡར་འཕེལ་ལགས་བཅས་ཡིན་འདུག།  

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org