མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་འབར་མའི་ནང་གཟིགས་སྐོར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་འབར་མའི་ནང་གཟིགས་སྐོར་གནང་བ།

2010.02.15

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་འབར་མའི་ནང་དུས་ཡུན་ཉིན་གྲངས་ལྔའི་རིང་གཟིགས་སྐོར་གནང་འགོ་ཚུགས་ཡོད་པ་རེད་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་སྐུ་ཚབ་ཐོ་མ་སི་ཨོ་ཇ་ཁིན་ཏ་ན་འབར་མའི་དམིགས་བསལ་སྐུ་ཚབ་སུ་བསྐོ་བཞག་གནང་བ་ནས་བཟུང་ད་རེས་འབར་མའི་ནང་ཕེབས་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་ ཁོང་གིས་ད་ལོ་ནི་འབར་མ་ཡུལ་ལ་ཆ་བཞག་ན་འགག་རྩའི་རང་བཞིན་གྱི་ལོ་ཞིག་ཡིན་པ་དང་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ནང་གི་འོས་འདེམས་ཐོག་མ་དེ་ད་ལོ་སྤེལ་འཆར་ཡོད་ཅིང་ ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབར་མའི་དམིགས་བསལ་སྐུ་ཚབ་འབར་མའི་ནང་གཟིགས་སྐོར་དེ་ཕེབས་ཡས་དེ་ཡང་ད་རེས་གཟའ་སྤེན་པའི་ཉིན་འབར་མ་དྲག་པོའི་གཞུང་གིས་ལོ་ངོ་བདུན་ཙམ་རིང་བཙོན་འཇུག་བྱས་པའི་འབར་མ་དམངས་གཙོ་སྣ་འབྲེལ་ཚོགས་པའི་ཚོགས་མི་ཀྲིན་ཨུ་གློད་བཀྲོལ་བཏང་བའི་རྗེས་ཐག་གཅོད་གནང་བ་ཞིག་ཡིན་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ འབར་མའི་དམིགས་བསལ་སྐུ་ཚབ་འབར་མ་ཡུལ་ནང་གཟིགས་སྐོར་གནང་རིང་འབར་མ་དྲག་པོའི་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་དང་ ཡིན་ནའི་འབར་མ་དྲག་པོའི་གཞུང་གིས་དཔོན་རིགས་མཐོ་ཤོས་ཐན་ཤ་ལྦེ་དང་མཇལ་འཕྲད་གནང་མིན་ད་ལྟའི་ཆར་ཐག་གཅོད་གང་ཡང་བྱུང་མེད་པ་རེད་ དེ་མིན་ཁོང་གིས་འབར་མའི་ཕྱོགས་འགལ་ཚོགས་པའི་ཚོགས་མི་ཁག་ཅིག་དང་ཐུག་འཕྲད་གནང་རྒྱུ་དང་འབར་མའི་བཙོན་ཁང་ཁག་ལ་ཡང་གཟིགས་སྐོར་དུ་ཕེབས་རྒྱུའི་ཐག་གཅོད་གནང་ཡོད་པ་དང་  ཡིན་ནའི་བཟང་བཙོན་འོག་གནས་མུས་ཡིན་པའི་ འབར་མ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཀི་དང་མཇལ་འཕྲད་གནང་ཐུབ་མིན་ད་ལྟའི་ཆར་འབར་མ་དྲག་པོའི་གཞུང་གི་ལན་འདེབས་གང་ཡང་བྱས་མེད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎