འཛམ་གླིང་རྒྱལ་ཚོགས་ཀྱིས་ལི་བི་ཡའི་ཆེད་གྲོས་ཆོད།

ལི་བི་ཡའི་ག་ད་ཕིའི་ཡི་ཕྱོགས་གཏོགས་དམག་དཔུང་ཐོག་མཁའ་ཐོག་ནས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་སྲིད་པ་གསུང་བཞག

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱི་ཚེས་༡༧ཉིན་ལི་བི་ཡའི་ག་རྡ་ཕི་གཞུང་གིས་ཞི་བའི་མི་མང་ལ་གཏོར་རྒོལ་བཀག་སྡོམ་གནང་ཆེད་ཁ་གཏད་ཀྱི་བྱ་སྤྱོད་སྤེལ་རྒྱུའི་གྲོས་ཆོད་བཞག་གནང་རྗེས་དེ་རིང་གཟའ་པ་སངས་ཉིན་ཕ་རན་སིའི་གཞུང་གི་མགྲིན་ཚབ་པས་ དུས་ཡུན་ཚོུད་ཁ་ཤས་ནང་ཚུད་ལི་བི་ཡའི་ག་ད་ཕིའི་ཡི་ཕྱོགས་གཏོགས་དམག་དཔུང་ཐོག་མཁའ་ཐོག་ནསགཏོར་རྒོལ་གྱི་བྱ་སྤྱོད་སྤེལ་སྲིད་པ་གསུང་བཞག ཕ་རན་སིའི་གཞུང་གི་མགྲིན་ཚབ་པ་ཕེ་རན་ཁོའེ་སྦ་རོ་ཨིན་གྱིས་ ད་རེས་ལི་བི་ཡའི་གཞུང་གི་དམག་དཔུང་ལ་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ལི་བི་ཡ་མི་མང་གིས་རང་དབང་གི་ལམ་བུའི་འདེམས་ཁར་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་པ་དང་ དེར་བརྟེན་ལི་བི་ཡའི་མང་ཚོགས་ཚོར་ཁ་ད་ཕིའི་གཞུང་གི་གཏོར་རྒོལ་ལས་སྲུང་སྐྱོབ་ཐུབ་རྒྱུར་ཁ་གཏད་ཀྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་གསུང་བཞག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཚེས་༡༧ཉིན་ལི་བིའི་ཡའི་ཐོག་མཁའ་ཐོག་ནས་གཏོར་རྒོལ་གཏོང་རྒྱུའི་གྲོས་ཆོད་ཐོག་ཨ་རི་དང་དབྱིན་ཇི་ ཕ་རན་སི་ ནོར་ལྦེ་སོགས་ཡུལ་གྲུ་བཅུ་ཡིས་གྲོས་ཆོད་དེར་རྒྱབ་སྐྱོར་དང་རྒྱ་ནག་དང་ར་ཤི་ཡ་སོགས་ཡུལ་གྲུ་ལྔས་བར་བཞུགས་གནང་ཡོད་ཀྱང་ལི་བི་ཡའི་ནང་ཞི་བའི་མི་མང་ཞི་དྲག་གཉིས་ཀྱི་ཐོག་ནས་སྲུང་སྐྱོབ་བྱ་རྒྱུའི་གྲོས་ཆོད་བཞག་ཐུབ་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org