མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མའི་སྐུ་ཚབ་བསྐོ་བཞག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ནས་འབར་མའི་ནང་པའི་ཆོས་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པ་ཚོ་དང་ལྷན་མཇལ་གནང་བ།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ འབར་མའི་གནད་དོན་ཐད་ལ་ཆེད་མངགས་བསྐོ་བཞག་གནང་བའི་དམིགས་བསལ་སྐུ་ཚབ་གསར་པ་ སྐུ་ཞབས་ ཐོ་མ་སེ་ཨོ་ཇ་ ཁིན་ཊ་ན་ ཡིས་ དེ་རིང་སྔ་དྲོ་འབར་མའི་ནང་པའི་ཆོས་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་རྣམ་པ་ཚོ་དང་ལྷན་མཇལ་གནང་བ་དང་སྦྲགས་ འབར་མའི་ནང་གི་ཆོས་ལུགས་གཞན་དག་དང་ འབར་མའི་གཞུང་གིས་མཐུན་འགྱུར་བྱས་པའི་བུད་མེད་ཚོགས་པའི་སྐུ་ཚབ་ཚོ་དང་ལྷན་འཛོམས་གནང་ཡོད་པ་རེད་ ཡིན་ནའང་ ད་ལྟ་བར་བཟང་བཙོན་འོག་ཏུ་བཞུགས་བཞིན་པའི་ འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་མེད་མཛད་འཆར་ཁག་གསལ་བཤད་གནང་གི་ཡོད་པ་མ་རེད་ ཁོང་གིས་ འབར་མའི་རྒྱལ་ས་གསར་པར་ཕེབས་ཏེ་ འབར་མའི་དྲག་པོའི་སྲིད་གཞུང་གི་ཆེས་མཐོའི་འགོ་ཁྲིད་རྣམ་པ་ཚོ་དང་མཇལ་འཕྲད་གནང་རྒྱུ་ངེས་གཏན་ཡིན་པ་རེད་ འོན་ཀྱང་འབར་མའི་དྲག་པོའི་དམག་སྤྱི་གཙོ་བོ་ཐན་ཤ་ལྦེས་ ཁོང་དང་ལྷན་མཇལ་གནང་དང་གནང་མིན་སོགས་ཀྱི་མཛད་འཆར་ཐད་ མཉམ་འབྲེལ་རྒྱལ་ཚོགས་དང་འབར་མའི་སྲིད་གཞུང་གཉིས་ཀའི་ཕྱོགས་ནས་གསལ་བཤད་གནང་མེད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org