ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ།

ཨ་མི་རི་ཀ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་ཀྱིས་སྲིད་དོན་དང་དཔལ་འབྱོར་གྱི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་གནང་རྒྱུ།

2011.05.09

༄༅༎ཨ་མི་རི་ཀ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་ཀྱིས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་འགྲོ་བ་མིའི་ཐོབ་ཐང་དང་ཚོང་འབྲེལ་དེ་བཞིན་རྒྱ་ནག་གི་དངུལ་གྱི་འཛའ་ཐང་ཐེ་བས་སྲིད་དོན་དང་དཔལ་འབྱོར་གྱི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་ཡུལ་ཁག་གཉིས་ཀྱིས་ལོ་རེའི་མཇལ་འཛོམས་དེར་དཀའ་རྙོགས་ཆེ་བའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུའི་འཆར་གཞི་ཡོད་ནའང་དོན་འབྲས་སོན་པའི་རེ་བ་དེ་ཙམ་མེད་པ་རེད་ ཨ་རིའི་ནང་གི་འཛམ་གླིང་གི་དཔལ་འབྱོར་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ཀའལ་ལྦའེན་རྦག་ཡིས་ད་ཐེངས་ཀྱི་ཡུལ་གཉིས་ཀྱི་གྲོས་མོལ་དེ་དཀའ་ཚེགས་ཅན་ཞིག་དང་གྲུབ་འབྲས་ཡང་ཐོན་པའི་རེ་བ་དེ་ཙམ་མེད་སྐོར་གསུང་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་དང་ནོར་སྲིད་དྲུང་ཆེ་ཀྲི་མ་ཐི་གའེཐི་ནར་རྣམ་གཉིས་ཀྱིས་ཨ་མི་རི་ཀའི་ཕྱོགས་ཀྱི་ཨ་མི་རི་ཀ་དང་རྒྱ་ནག་གི་ལོ་རེའི་སྲུང་སྐྱོབ་ཀྱི་ཐབས་ཕྱོགས་དང་དཔལ་འབྱོར་གྱི་གྲོས་མོལ་ཐེངས་གསུམ་པའི་དབུ་འཁྲིད་ཀྱི་འགན་འཁུར་གནང་རྒྱུ་ཡིན་པ་རེད་

རྒྱ་ནག་ཕྱོགས་ཀྱི་ད་ཐེངས་ཀྱི་གྲོས་མོལ་དེར་སྲིད་བློན་གཞོན་པ་ལྦང་ཆི་ཤང་དང་བློན་ཆེན་ལྷན་ཚོགས་ཀྱི་སློབ་སྟོན་པ་གྲའི་སྦང་གོ་ཡིས་འགོ་འཁྲིད་ཀྱི་འགན་འཁུར་གནང་རྒྱུ་ཡིན་པ་རེད་ བདུན་སྔོན་མ་དེར་ཨ་མི་རི་ཀའི་དཔོན་རིགས་མཐོ་གྲས་རྣམས་ཀྱིས་ད་ཐེངས་ཀྱི་རྒྱ་ནག་གི་དཔོན་རིགས་རྣམས་པའི་གྲོས་མོལ་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཡུལ་དེའི་དངུལ་གྱི་འཛའ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད་ རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱིས་གོང་ཞུས་ཀྱི་གནད་དོན་གཉིས་ཀྱི་ཐོག་གྲོས་མོལ་གནང་རྒྱུའི་ཁས་ལེན་གནང་ཡང་གནད་དོན་དེ་དག་ཐོག་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐོག་ཧ་ཅང་གི་བར་ཁྱད་ཆེན་པོ་ཡོད་པའི་སྐོར་གླེང་སློང་གནང་རྒྱུའི་འདུན་པ་བཏོན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎