ལི་བི་ཡའི་དབང་འཛིན་པ་ག་རྡ་ཕིས་སྲིད་དབང་ཕྱིར་འཐེན་དགོས།
ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སླར་ཡང་ལི་བི་ཡ’འི་དབང་འཛིན་པ་ག་རྡ་ཕི་ཡིས་དབང་ཆ་རྩིས་སྤྲོད་བྱ་དགོས་པའི་སྐུལ་མ
-
2011-03-12 -
-
-
༄༅༎ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སླར་ཡང་ལི་བི་ཡ’འི་དབང་འཛིན་པ་ག་རྡ་ཕི་ཡིས་དབང་ཆ་རྩིས་སྤྲོད་བྱ་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་ཨ་རི་གཞུང་གིས་ལི་བི་ཡའི་དབང་འཛིན་པ་དབང་ཆ་ནས་ཕྱིར་འཐེན་བྱ་རྒྱུར་དགོས་ངེས་ཀྱི་བྱ་སྤྱོད་སྤེལ་དགོས་ཀྱི་ཡོད་པ་གསུང་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཚོགས་བཞུགས་ཡུལ་གྲུ་ཁག་གིས་ལྷན་ཚོགས་ཚུགས་གནང་ཏེ་ལི་བི་ཡའི་མི་སེར་ཚོར་སྲུང་སྐྱོབས་ཀྱི་ལས་དོན་འཐུས་གོ་ཚང་བ་ཞིག་སྤེལ་རྒྱུའི་སྐོར་ལ་བཀའ་བསྡུར་གནང་བཞིན་ཡོད་པ་རེད། ལི་བི་ཡའི་ནང་མཐའ་ཐོག་ནས་འགྲུལ་བཞུད་བྱ་རྒྱུ་བཀག་སྡོམ་གྱི་གནད་དོན་ཐོག་ཐ་མའི་གྲོས་ཐག་ད་ལྟའི་ཆར་གང་ཡང་བྱུང་མེད་པ་རེད། ཨིན་ཇི་དང་ཕ་རན་སིའི་དཔོན་རིགས་ནས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་བཞུགས་ཡུལ་གྲུ་༢༧ཀྱིས་ལི་བི་ཡའི་ཡུལ་ནང་མཁའ་ཐོག་ནས་འགྲུལ་བཞུད་བཀག་སྡོམ་བྱ་རྒྱུ་སོགས་ཀྱི་གནད་དོན་ཚུད་པའི་ཡུལ་དེའི་མི་སེར་གྱི་གནས་སྟངས་ལ་སྲུང་སྐྱོབས་ཀྱི་འཆར་གཞི་ཁག་གྲ་སྒྲིག་འཐུས་གུ་ཚང་པོ་ཞིག་ཡོང་རྒྱུར་འབད་རྩོན་གནང་རྒྱུའི་སྐུལ་མ་གནང་གི་ཡོད་འདུག།