ཨ་རིའི་ཕྱི་སྲིད་དྲུང་གཞོན་འོས་དམིགས་ཀྱི་དགོངས་ཚུལ།
ཨ་རིའི་ཕྱི་སྲིད་དྲུང་གཞོན་འོས་དམིགས་ཀྱིས་ཨ་རི་གཞུང་གིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་དེ་བས་ཟབ་ཏུ་གཏོང་རྒྱུའི་འབོད་སྐུལ།
-
2009-06-12 -
-
-
༄༅༎ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པར་འདེམས་བསྐོ་གནང་བའི་འོས་མི་སྐུ་ཞབས་ཀཏེ་ཁེམ་སྦེལ་ཡིས་ཨ་རི་གཞུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་མཐུན་གྲོགས་ཡུལ་གྲུ་ཉི་ཧོང་དང་ལྷོ་ཀོ་རི་ཡ།ཨོ་སོ་ཀྲོ་ལི་ཡ།ཕི་ལི་པིན་དང་ཐའེ་ལེནདྲ་བཅས་དང་འབྲེལ་ལམ་དེ་བས་ཟབ་ཏུ་གཏོང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།
སྐུ་ཞབས་ཁེམ་སྦེལ་ཡིས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་ལྷན་ཚོགས་ཤིག་གི་ཐོག་གསུང་བཤད་གནང་བའི་སྐབས་ཨ་རི་གཞུང་གིས་ངེས་པར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་མཐུན་གྲོགས་ཡུལ་གྲུ་ཚོ་དང་ལྷན་དུ་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་དང་མངའ་ཁུལ་དེ་ཚོའི་ནང་གི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་ཐོག་འབྲེལ་ལམ་མུ་མཐུད་སྐྱོང་རྒྱུར་འཐུས་ཤོར་ཕྱིན་ཡོད་ཅིང་ཨ་རི་གཞུང་གིས་དཀྱིལ་ཤར་ཡུལ་གྲུ་དང་རྒྱལ་ཁབ་གཞན་ཁག་ཅིག་ཐོག་འབྲེལ་ལམ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་ན་ཡང་མ་འོངས་ལོ་ངོ་བདུན་ལྷག་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་གྲུ་ཁག་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པའི་སྐོར་གསུངས་ཡོད་འདུག སྐུ་ཞབས་ཀཏེ་ཁེམ་སྦེལ་ནི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་ད་རེས་ཨ་རིའི་སྲིད་འཛིན་མཆོག་ནས་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པར་བསྐོ་བཞག་གནང་རྒྱུའི་མིང་དོན་གནང་ཡོད་ཅིང་ཡིན་ནའི་དངོས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པའི་ཐུགས་འགན་བཞེས་རྒྱུར་ཨ་རིའི་གྲོས་ཚོགས་ནས་མོས་མཐུན་དགོས་ཀྱི་ཡོད་པར་བརྟེན་ད་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་ལྷན་ཚོགས་ཚུགས་ནས་ཕྱི་སྲིད་དྲུང་ཆེ་གཞོན་པས་ལས་འགན་བསྣམ་ཚེ་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་སྙན་སྒྲོན་གནང་བའི་སྐབས་གོང་ཞུས་བཀའ་མོལ་དེ་དག་གནང་ཡོད་པ་རེད། སྐུ་ཞབས་ཁེམ་སྦེལ་ཡིས་གལ་སྲིད་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པར་འདེམས་བསྐོ་བྱུང་ཚེ་བོད་མི་ཚུད་པའི་རྒྱ་ནག་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ཐོབ་ཐང་ལ་སྲུང་སྐྱོབ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།