དབུས་ཨེ་ཤེ་ཡའི་རྒྱལ་ཁབ་ནང་དམངས་གཙོའི་བཅོས་བསྒྱུར།
ཨ་མི་རི་ཀས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ནང་དམངས་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
-
2011-03-11 -
-
-
༄༅༎ཨ་མི་རི་ཀས་ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་ཁ་ཆེའི་རྒྱལ་ཁབ་ནང་མི་དམངས་ཀྱིས་སྤེལ་བའི་དམངས་གཙོའི་ལས་འགུལ་རྒྱུ་མཚན་དུ་དྲངས་ཏེ། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ནང་དམངས་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཀར་གིསི་ཏན་ནང་ཁ་སྔོན་ཕྱི་ཟླ་༡༠པའི་ནང་རང་དབང་དང་དྲང་བདེན་གྱི་སྒོ་ནས་འོས་བསྡུའི་ལས་དོན་སྤེལ་ཡོད་ཀྱང་ས་ཁུལ་དེའི་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁབ་གཞན་ཚོས་དམངས་གཙོའི་ལམ་སྲོལ་དུ་བསྐྱོད་རྒྱུར་ཐེ་འཚོམས་བྱེད་ཀྱི་ཡོད་པ་གསུང་ཡོད་པ་རེད། ཨ་མི་རི་ཀ་ནི། དབུས་ཨེ་ཤི་ཡའི་ཡུལ་གྲུ་དེ་དག་ནི་གལ་འགངས་ཆེ་བའི་འབྲེལ་བ་ཡོད་པ་ཡིན་ཞིང༌། དེ་ནི་ཨཕ་ག་ནི་སི་ཏན་ནང་དུ་ཡོད་པའི་ཨ་རིའི་དམག་དཔུང་ལ་སྐྱེལ་འདྲེན་བྱེད་ཡུལ་གྱི་འགྲོ་ལམ་འཁེལ་བ་དང༌། ཨ་རིའི་བཟོ་ཚོང་ལས་ཁང་གིས་དབུས་ཨེ་ཤི་ཡའི་ནང་རྡོ་སྣུམ་སོགས་རང་འབྱུང་གཏེར་བསྔོག་འདོན་བྱེད་པ་མ་ཟད། དམིགས་བསལ་ཀ་ཛཀ་སི་ཏན་ནང་དུ་ར་ཤི་ཡ་དང་རྒྱ་ནག་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན་ནས་རྒྱལ་ཁབ་དེ་དག་ནང་དམངས་གཙོ་ཅན་དུ་འགྱུར་རྒྱུ་ནི་ཨ་རིའི་དམིགས་ཡུལ་ཡིན་པ་རེད།