རྒྱ་གར་གཞུང་ནས་བོད་མིར་ངོ་སྤྲོད་ལག་འཁྱེར་གནང་ཕྱོགས།
རྒྱ་གར་དབུས་གཞུང་གིས་བོད་མི་ཚོར་དབུས་གཞུང་གི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལག་འཁྱེར་གནང་ཕྱོགས་སྐོར་ངོ་སྤྲོད་གནང་རྒྱུ།
-
2011-04-13 -
-
-
༄༅༎རྒྱ་གར་དབུས་གཞུང་གིས་བོད་མི་ཚོར་དབུས་གཞུང་གི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལག་འཁྱེར་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བར་ འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་བཞུགས་སྒར་དུ་ཁ་ས་ཕེབས་བཞག།
རྒྱ་གར་དབུས་གཞུང་གི་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལག་འཁྱེར་ལས་ཁུངས་Unique Identity Authority of India ཞེས་པའི་འབྲེལ་ཡོད་ལས་བྱེད་ཤིལྦ་ག་མི་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་ གོང་ཞུས་ངོ་སྤྲོད་ལག་འཁྱེར་དེ་བཟོ་རྒྱུར་ཆ་རྐྱེན་གང་དང་གང་ཚང་དགོས་མིན་སྐོར་གསལ་བཤད་གནང་འདུག། ཁོང་གིས་གསུང་ཡག་ལ། རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡུལ་མི་ཚང་མར་རྒྱ་གར་དབུས་གཞུང་གིས་ཐུན་མོང་མ་ཡིན་པའི་ངོ་སྤྲོད་ལག་འཁྱེར་གནང་རྒྱུའི་ལས་གཞི་ཞིག་དབུ་བརྩམས་གནང་ཡོད་པ་དང༌། དེ་ནི་
རྒྱ་གར་ནང་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་ཙམ་མ་ཟད། ཟླ་དྲུག་སོན་པའི་བྱིས་པ་ཚུན་ལ་གནང་རྒྱུ་ཡིན་སྐོར་གསུངས་པ་དང༌། ཡང་ཁོང་གིས་ ངོ་སྤྲོད་ལག་འཁྱེར་དེ་བཞིན་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པ་གང་ཞིག་ལ་རྒྱ་གར་དབུས་གཞུང་གི་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ཀྱི་གཏན་ལ་ཕབ་པའི་ཆ་རྐྱེན་ཚང་བའི་གང་ཟག་ལ་ཐོབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།