ཉེ་ཆར་བོད་ནང་དཔལ་འབྱོར་གྱོང་གུན་ཆེན་པོ་ཐེབས་ཡོད་པ།

ཕྱི་ཟླ་གསུམ་པ་དང་ཕྱི་ཟླ་བཞི་པའི་ནང་བོད་སྤྱི་ཡོངས་སུ་དཔལ་འབྱོར་གྱོང་གུན་ཆེན་པོ་ཐེབས་ཡོད་པའི་གནས་ཚུལ།

༄༅༎ཉེ་ཆར་ཕྱི་ཟླ་གསུམ་པ་དང་ཕྱི་ཟླ་བཞི་པའི་ནང་བོད་ནང་དྲག་སྤྱོད་ཀྱི་ལས་འགུལ་དེའི་ཤུགས་རྐྱེན་

འོག་བོད་སྤྱི་ཡོངས་སུ་དཔལ་འབྱོར་གྱོང་གུན་ཆེན་པོ་ཐེབས་ཡོད་ལུགས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་

བྱམས་པ་ཕུན་ཚོགས་ལགས་ཀྱིས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཤིང་ཧྭ་གསར་འགྱུར་བརྒྱུད་ལམ་ཁང་དུ་

གསལ་སྟོན་བྱས་ཡོད་པ་རེད་

ད་ལྟའི་ཆར་བོད་ནང་རྒྱ་མིའི་ཤོག་ལོར་ཐེར་འབུམ་བདུན་ལྷག་ཙམ་གནས་པའི་ཡོང་འབབ་བྱུང་ཡོད་རུང་ ད་དུང་ལོ་འདིའི་ནང་བརྒྱ་ཆ་༡༠ལྷག་ཙམ་ཕར་མ་ཡོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན་ལུགས་བོད་ཀྱི་དཔལ་འབྱོར་

འཕེལ་རྒྱས་ལས་ཁང་ནས་འགྲེལ་བརྗོད་བྱས་ཡོད་པ་རེད་

ན་ནིང་ཕྱི་ལོ་༢༠༠༧ལོའི་འགོ་སྟོད་ཙམ་དུ་བོད་ཀྱི་དཔལ་འབྱོར་བརྒྱ་ཆ་༡༧ཙམ་འཕེལ་རྒྱས་བྱུང་ཡོད་པ་དང་དེ་ནི་

འདས་པའི་ལོ་ཉི་ཤུའི་ནང་བོད་ནང་དཔལ་འབྱོར་གྱི་འཕེལ་རྒྱས་ཤུགས་ཆེ་ཤོས་ཞིག་ཡིན་པ་རེད་

གང་ལྟར་འདི་ལོ་བོད་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུའི་ཐོག་ལ་ཉེ་ཆར་བོད་ནང་དྲག་སྤྱོད་ཀྱི་ལས་འགུལ་དེའི་

ཐོག་ནས་གནོད་འཚེ་བྱུང་ཡོད་ཀྱང་རིང་མིན་ང་ཚོས་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཆེད་དུ་མ་རྩ་འཛུགས་འཇོག་

བྱས་ནས་ད་དུང་འདི་ལོ་བོད་ནང་གི་དཔལ་འབྱོར་བརྒྱ་ཆ་༡༢ཙམ་འཕེལ་རྒྱས་འགྲོ་ཐུབ་པའི་འབད་བརྩོན་བྱེད་ཀྱི་

ཡིན་ཞེས་བྱམས་པ་ཕུན་ཚོགས་ཀྱིས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཤིང་ཧྭ་གསར་ཤོག་ལས་ཁང་དུ་གསལ་སྟོན་

བྱས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org