མི་ཁ་ཤས་ལ་བརྟེན་ནས་གཞན་ཚང་མར་སྐྱོན་འདོགས་མི་རུང་།

ཁ་ཆེ་འགའ་ཞིག་གིས་གཏོར་བཤིག་རང་བཞིན་ལྡན་པའི་བྱ་སྤྱོད་བསྩམས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཁ་ཆེའི་ཆོས་ལུགས་ཀྱི་རང་བཞིན་དེ། ལྡོག་ཕྱོགས་ཅན་དུ་མཐོང་ཚུལ་འཛིན་པ་དེ་ཚུལ་དང་མི་མཐུན་པ་རེད་ཅེས་བཀའ་གནང་།

༄༅།    །བོད་ཀྱི་བླ་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༠ཚེས་ ༡༠ ཉིན་ཨ་མི་རི་ཀའི་Virginia མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་གྲྭ་རྙིང་ཤོས་ William and Maryའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་སྐབས།    ཆོས་ལུགས་ཀྱི་མིང་གི་ཐོག་ནས་མི་བྱེ་བྲག་པ་རེ་ཟུང་ནས་སྤྱོད་ངན་གྱི་བྱ་སྤྱོད་བརྩམས་པའི་རྐྱེན་གྱིས་ཆོས་ལུགས་བྱེ་བྲག་པ་སྤྱི་ཡོངས་ནག་པོར་རྩིས་རྒྱུ་ནི་ནོར་འཁྲུལ་ཡིན་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་ངན་ཅན་གྱི་བྱ་སྤྱོད་འགའ་ཞིག་ལ་བརྟེན་ནས་འབྱུང་བའམ་སྤྱོད་ངན་ཅན་གྱི་ཁ་ཆེ་འགའ་ཞིག་གིས་གཏོར་བཤིག་རང་བཞིན་ལྡན་པའི་བྱ་སྤྱོད་བསྩམས་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཁ་ཆེའི་ཆོས་ལུགས་ཀྱི་རང་བཞིན་དེ་ལྡོག་ཕྱོགས་ཅན་དུ་མཐོང་ཚུལ་འཛིན་པ་དེ་རྦད་དེ་མི་དྲང་བ་དང་། ཚུལ་དང་མི་མཐུན་པ་རེད་ཅེས་དང་། དེ་ལས་ལྡོག་སྟེ་ང་ཚོས་ཆོས་ལུགས་གཞན་དང་འབྲེལ་བ་བྱས་ཏེ།    འཆམ་མཐུན་ཡོང་བའི་འབད་བརྩོན་བྱེད་དགོས་རེད་ཅེས་བཀའ་གནང་པར། དེར་འདུས་པའི་བཀའ་སློན་ཉན་མཁན་ཚོས་ཐལ་མོ་ཡུན་རིང་བརྡབ་སྟེ།    ཚད་མཐོའི་མོས་མཐུན་ཞུས་པའི་རྣམ་འགྱུར་བསྟན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org