འབྱོར་ལྡན་རྒྱལ་ཁབ་ཚོས་ཉམ་ཐག་ལ་རོགས་རམ་བྱ་དགོས་སྐོར།

འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཡར་རྒྱས་འགྲོ་བཞིན་པ་དང་ཉམ་ཐག་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་དགོས་སྐོར།

༄༅༎འཛམ་གླིང་གི་དངུལ་ཁང་ཆེན་མོའི་ཚོགས་གཙོ་སྐུ་ཞབས་རོ་སྦ་ཏི་ཛོ་ལིཀ་གྱིས་ཁེ་ས་ཨ་མི་རི་ཀ་དང་ཡོ་རོབ་མངའ་ཁུལ་གྱི་དཔལ་འབྱོར་མཁས་དབང་ཁག་གི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཡར་རྒྱས་འགྲོ་བཞིན་པ་དང་ཉམ་ཐག་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་དགོས་པ་དང་སྤྲོད་ཐུབ་པའི་ནུས་པ་ཡོད་ལུགས་གསུངས་ཡོད་པ་རེད།

ཁོང་གིས་གསུངས་དོན་ལྟར་ན་ཨ་མི་རི་ཀ་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གིས་དེང་སྐབས་དཔལ་འབྱོར་ཉམས་པ་སླར་གསོའི་ཆེད་དུ་མ་རྩའི་ཁྲོམ་རའི་ནང་དངུལ་འབོར་ཤིན་ཏུ་འབོར་ཆེན་བཅུག་བཞིན་པའི་ནང་ནས་བརྒྱ་ཆ་གཅིག་རང་ཟུར་བཏོན་བྱས་པ་ཡིན་ན་འབྱོར་ལྡན་རྒྱལ་ཁབ་ཐུན་མོང་གིས་ཉམ་ཐག་རྒྱལ་ཁབ་ཚོར་ཌོ་ལར་ཐེར་འབུམ་བཅོ་ལྔ་ཙམ་རོགས་རམ་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཟླ་བ་རྗེས་མའི་ཚེས་གཉིས་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུ་པའི་ཆེས་མཐོའི་དབུ་ཁྲིད་ལྷན་རྒྱས་ལྷན་འཛོམས་གནང་གཏན་འཁེལ་བ་ལྟར་གོ་སྐབས་དེ་བཟུང་སྟེ་འཛམ་གླིང་གི་དངུལ་ཁང་ཆེན་མོའི་ཚོགས་གཙོ་མཆོག་གིས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཉམ་ཐག་ཅན་གྱི་རྒྱལ་ཁབ་ཁག་ལ་རོགས་སྐྱོབ་གནང་ཐབས་ཀྱི་རེ་སྐུལ་ཞུ་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org