གྲོགས་པོ་རྙིང་པ་ཞིག་དང་ཐུག་འཕྲད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ལོ་ན་ ༡༠༠ ལོན་པ་ཨ་རིའི་ཕྱི་སྲིད་དཔོན་རིགས་ཟུར་པ་ཧེན་རི་ཀི་སན་ཇར་དང་ཐུག་འཕྲད་བྱས་པ་དེ་ནི་ཨ་རི་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་སུ་ཤུགས་རྐྱེན་ཡོང་བའི་རེ་བ་བྱས་པ་ཞིག་ཡིན་འདུག

ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཨ་མི་རི་ཀའི་ཆེས་མཐོའི་དཔོན་རིགས་མང་པོ་དང་ཐུག་འཕྲད་བྱེད་ཀྱི་མེད་ན་ཡང་། ལོ་ན་ ༡༠༠ ལོན་པ་ཨ་རིའི་ཕྱི་སྲིད་དྲུང་ཟུར་ ཧེན་རི་ཀི་སན་ཇར་ (Henry Kissenger) དང་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་རེད། ཨ་རི་དང་རྒྱ་ནག་དབར་ཐེ་ཝན་གྱི་བདག་དབང་དང་ལྷོ་རྒྱ་ནག་རྒྱ་མཚོ། འགྲོ་བ་མིའི་ཐོབ་ཐང་དང་ཡུཀ་རེན་གྱི་དམག་འཁྲུག དེ་བཞིན་འཁྲུལ་རིག་བདག་དབང་སོགས་གནད་དོན་མང་པོའི་ཐོག་མི་མཐུན་པའི་དཀའ་རྙོག་ཡོད་པའི་སྐབས་འདིར་ལོ་རབས་བདུན་བཅུའི་ནང་ཨ་རི་དང་རྒྱ་ནག་གི་གཞུང་འབྲེལ་འབྲེལ་ལམ་བཙུགས་རྒྱུར་དམིགས་བསལ་འགན་འཁུར་བླངས་མཁན་ཧེན་རི་ཀི་སན་ཇར་གྱིས་ཨ་རིའི་ངོས་ནས་རྒྱ་ནག་ཐོག་གུ་ཡངས་ཆེ་ཙམ་ཡོང་བར་ཕན་ཐོགས་བྱེད་ཐུབ་རྒྱུར་ཞི་ཇིན་པིང་གི་ངོས་ནས་རེ་བ་བྱེད་ཀྱི་ཡོད་སྲིད་པ་རེད། 

 

ཟུར་ཟའི་རི་མོ་བ་ རེ་སྦེལ་པེ་པར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org